“ཚོགས་སྒྲིག་རྣམ་པའི”སློབ་གསོས་བོད་སྐྱོར་བྱས་ཏེ་སློབ་མ་ཁྲི4.39ལ་ཐད་ཀར་ཕན་པ་ཐོབ།

ཡེ་ཤེས་ཀྱིས་བསྒྱུར།        2017-11-06

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ངོ་སྤྲོད་བྱས་པར་གཞིགས་ན། ལོ5ཡི་རིང་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར17གྱིས་རྨང་གཞི་སྒྲིག་ཆས་འཛུགས་སྐུན་དང་། ཤེས་ལྡན་མི་སྣའི་སྡེ་དཔུང་འཛུགས་སྐྱོང་། སློབ་གསོ་དང་སློབ་ཁྲིད་སྤུས་ཚད་བཅས་ཀྱི་ཐད་བོད་ལྗོངས་ཀྱི་གྲོང་ཁྱེར7ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང74ལ་ཡོངས་སུ་ཁྱབ་ཡོད་པ་རེད། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར12.74གཏོང་འཇོག་བྱས་ཏེ་སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི48.57སྐྲུན་རོགས་བྱས་ཡོད་པ་དང་། དཔེ་དེབ་དཔྱད་གཞིའི་ཡིག་རིགས་དེབ་ཁྲི49བྱིན་པ། ཚོད་ལྟ་ཁང50སྐྲུན་རོགས་བྱས་ཡོད། བོད་ལྗོངས་ལ་ཤེས་ལྡན་མི་སྣ་མི་ཐེངས5400མངགས་པས། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་དུས་རིམ་ཁག་ལ་ཁྱབ་ཡོད།

      བོད་ལྗོངས་ཀྱི་སློབ་གསོ་ཐིང་གི་ཐིང་ཀྲང་ཏུའུ་ཅན་ཀུང་གིས་མིག་སྔར་བོད་ལྗོངས་ཀྱིས་མཐོ་རིམ་སློབ་གསོ་ལ“ཚོགས་སྒྲིག་རྣམ་པའི”སློབ་གསོས་རོགས་སྐྱོར་བྱེད་པ་དང་། ལས་རིགས་སློབ་གསོའི་ཐད་ཁ་གཏད་རོགས་སྐྱོར་ཐོབ་པ་དང་། རྨང་གཞི་སློབ་གསོ་ནི“ཚོགས་སྒྲིག་རྣམ་པའི”སློབ་གསོས་རོགས་སྐྱོར་བྱེད་པ། སློབ་གསོ་པུའུ་ཡི་ཐད་གཏོགས་སྡེ་ཚན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཕྱོགས་ཡོངས་དང་། རིམ་པ་མང་པོ། ཡོངས་སུ་ཁྱབ་པའི་སློབ་གསོས་རོགས་སྐྱོར་བྱེད་པའི་གཞི་སྒྲོམ་མ་ལག་བསྐྲུན་ཚར་རེད་ཅེས་བཤད།

      ཏུའུ་ཅན་ཀུང་གིས “ཚོགས་སྒྲིག་རྣམ་པའི”སློབ་གསོས་བོད་སྐྱོར་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ་དེ་ནང་ཁུལ་གྱི་གསོན་ཤུགས་ཆེས་ཆེར་བསྐྱེད་ཡོད་པ་དང་། སློབ་གསོའི་འདུ་ཤེས་དང་དོ་དམ་བྱེད་སྟངས། སློབ་ཁང་དུ་སློབ་ཁྲིད་བྱེད་པའི་ནུས་རྩལ་བྱེད་ཐབས་ཚང་མ་འཕོ་འགྱུར་ཆེན་མོ་བྱུང་ཡོད། བོད་ལྗོངས་ཀྱིས་བྱེད་ཐབས་འདི་དག་ནི་སློབ་གྲྭ་རེ་རེས་ལས་ཀ་ཞིབ་ཕྲ་སྤེལ་བའི་ཁྲོད་སྤུས་ཚད་ཇེ་མཐོ་རུ་གཏང་རྒྱུ་དང་། “ཚོགས་སྒྲིག་རྣམ་པའི”སློབ་གསོས་བོད་སྐྱོར་བྱས་པའི་གཟིགས་སྐྱོང་སྲིད་ཇུས་དེ་བེད་སྤྱོད་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་མཁས་ཅན་མི་སྣས་བོད་སྐྱོར་བྱེད་པའི་ལས་ཀ་དེ་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ་བཅས་ཀྱི་གྲོང་ཁྱེར་དུ་སྤེལ་ནས་ཕན་ནུས་ལྡན་པའི་བྱེད་ཐབས་དང་ཉམས་མྱོང་མང་པོ་བསགས་ནས། བོད་ལྗོངས་མི་སེར་གྱིས་སྒོ་ཁ་ལ་བཙུགས་པའི་ནང་ལོགས་བོད་ལྗོངས་འཛིན་གྲྭ་ཞེས་བརྗོད་ཀྱི་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:བོད་ཀྱིས“རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ལུས་པོ་བདེ་ཐང་གི་དབུལ་སྐྱོར་ལས་གཞི་སྤེལ་ནས་ནད་ལྕི་པོ་དང་གཅོང་ནད་ཕོག་པའི་ནད་པ་ཁྲི360ལ་རོགས་སྐྱོབ་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།