གྲངས་གཞི་ཅན་གྱི་གར་སྟེགས་ཟློས་གར་ཆེ་གྲས《སྣང་ས་འོད་འབུམ》ལྷ་སར་འཁྲབ་སྟོན་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་།    2017-11-01

གྲངས་གཞི་ཅན་གྱི་གར་སྟེགས་ཟློས་གར་ཆེ་གྲས《སྣང་ས་འོད་འབུམ》ལྷ་སར་འཁྲབ་སྟོན་བྱས་པ།
འཁྲབ་སྟོན་མི་སྣས་གར་སྟེགས་ཟློས་གར་ཆེ་གྲས《སྣང་ས་འོད་འབུམ》འཁྲབ་སྟོན་བྱེད་བཞིན་པ། འཇིགས་མེད་རྡོ་རྗེས་པར་བླངས།

གྲངས་གཞི་ཅན་གྱི་གར་སྟེགས་ཟློས་གར་ཆེ་གྲས《སྣང་ས་འོད་འབུམ》ལྷ་སར་འཁྲབ་སྟོན་བྱས་པ།
འཁྲབ་སྟོན་མི་སྣས་གར་སྟེགས་ཟློས་གར་ཆེ་གྲས《སྣང་ས་འོད་འབུམ》འཁྲབ་སྟོན་བྱེད་བཞིན་པ། འཇིགས་མེད་རྡོ་རྗེས་པར་བླངས།

     སྤྱི་ཟླ10བའི་ཚེས25ཉིན། གར་སྟེགས་ཟློས་གར་ཆེ་གྲས《སྣང་ས་འོད་འབུམ》ཞེས་པ་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ནང་གཟིགས་མོ་བ་དང་ཞལ་མཇལ་བྱུང་བ་རེད། དེ་ནི་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་ཀྱི་ནང་གསེས《སྣང་ས་འོད་འབུམ》འདི་ཉིད་གར་སྟེགས་ཅན་དང་གྲངས་གཞི་ཅན་དུ་འགྱུར་བའི་ལས་དོན་ལེགས་གྲུབ་བྱུང་རྗེས་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན།
     ལྷ་ས་ཕུད་ད་དུང་གཞིས་རྩེ་དང་ལྷོ་ཁ་སོགས་སུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། 2013ལོ་ནས་བཟུང་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་འཕེལ་རྒྱས་གཏོང་བའི་ཁྲོད་འཕྲད་པའི་དཀའ་གནད་སེལ་ཕྱིར་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་ནས་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་གར་སྟེགས་ཅན་དུ་འགྱུར་བའི་རྣམ་གྲངས་འགོ་བཙུགས་ཡོད། ལོ་ཤས་རིང་ཞབས་བྲོ་དང་གྱོན་ཆས། འཁྲབ་ཆས་སོགས་བསྐྱར་དུ་གསར་བཟོ་་བྱས་ཤིང་། སྔ་རྗེས་སུ《པདྨ་འོད་འབར》དང་《ཆོས་རྒྱལ་ནོར་བཟང》《འགྲོ་བ་བཟང་མོ》བཅས་ཁག་གསུམ་གར་སྟེགས་ཅན་དུ་འགྱུར་བའི་ལས་དོན་ལེགས་གྲུབ་བྱུང་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ལུའོ་སིའི་མི་དམངས་གསར་བརྗེའི་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའི་ཆེད་མངག་ཕོ་ཉ་དང་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་ཁྲིད་དེ་ཚོགས་ཆེན་ཐེངས་དང་པོའི་ཚོགས་རར་མཇལ་བ།
  • དོ་སྣང་ཆེ་བའི་རྩོམ།