ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པའི་སྐོར་གྱི་བསམ་འཆར་ཞེས་པ་དང་།ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། སྤྱི་ཟླ3པའི་ཚེས5ཉིན་གྱི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་ཉིན་མོའི་སྔོན་ལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྤྱི་ཚོགས་ཡོངས་ལ་རེས་སྐོར་དང་པོའི་རྒྱལ་ཡོངས་སུ་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཚོད་ལྟའི་ས་ཚིགས་ལྔ་བཅུ་དང་རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུན་ལ་སློབ་སྦྱོང་བྱེད་མཁན་གྱི་དཔེ་མཚོན་མི་སྣ་ལྔ་བཅུ་ཁྱབ་བསྒྲགས་བྱས་པ་རེད།
ཐེངས་འདིར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་མིང་བཏགས་པ་དང་ཁྱབ་བསྒྲགས་བྱས་པའི་རེས་སྐོར་དང་པོའི་རྒྱལ་ཡོངས་སུ་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཚོད་ལྟའི་ས་ཚིགས་དང་ལས་གནས་ཐོག་ལེ་ཧྥུན་ལ་སློབ་སྦྱོང་བྱེད་མཁན་གྱི་དཔེ་མཚོན་མི་སྣ་རྣམས། གྲོང་ཁུལ་དང་གྲོང་ཚོ། ཁེ་ལས། སློབ་གྲྭ ལས་ཁུངས། ཞབས་ཞུ་ལས་ཁུངས་སོགས་གཞི་རིམ་གྱི་ལས་ཁུངས་ཁག་ནས་ཡོང་བ་དང་། ལས་རིགས་ཁག་དང་ཁྱབ་ཁོངས་ཁག ཐབས་ཕྱོགས་ཁག་ལ་ཁྱབ་ཡོད་པས། སྤྱི་ཚོགས་ཡོངས་སུ་དཔེ་མཚོན་ཅན་གྱིས་ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་ཐད་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད་པ་རེད། །