ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ1པའི་ཚེས18ཉིན་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར་པེ་ཁྲོན་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས་ཆའང་རིགས་ཀྱི་འཚེམ་དྲུབ་ཕ་ཡུལ་ཞེས་པའི་མཚན་སྙན་གནང་། འཆར་གཞི་བཀོད་པ་ལྟར་ན2016ལོར་པེ་ཁྲོན་ལ་ཁེ་ལས་ཀྱིས་བདག་གཉེར་བྱས་པ་བརྒྱུད། ཆའང་རིགས་ཀྱི་འཚེམ་དྲུབ་རིག་གནས་དང་ལག་རྩལ། བརྩམས་ཆོས་བཅས་ཀྱི་ཞིབ་འཇུག་དང་རྗེས་འཛིན་བྱེད་པའི་ནུས་ཤུགས་ཤུགས་ཆེར་གཏོང་བ་དང་། པེ་ཁྲོན་གྱི་ཆའང་རིགས་འཚེམ་དྲུབ་ནི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་སྙན་གྲགས་ཆེ་བའི་ཚོང་རྟགས་ཤིག་ཡིན་པ་བསྐྲུན་འདོད། ཝུན་ཁྲོན་དུ5.12ས་འགུལ་ཆེན་པོ་བྱུང་རྗེས་ཆའང་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། ས་འགུལ་བྱུང་སྟེ་ས་ཞིང་མེད་པའི་གྲོང་གསེབ་བུད་མེད་ཀྱི་ལས་རིགས་བགྲོད་ལམ་རྒྱ་ཆེར་གཏོང་ཆེད། པེ་ཁྲོན་རྫོང་གིས་འཚེམ་དྲུབ་ཐོན་ལས་གོང་སྤེལ་གཏོང་བ་དེ་ཐོན་ལས་ཀྱི་རགས་ཁ་འབྱེད་ས་ཞིག་ཏུ་བརྩིས་ཏེ། མཐུན་ཚོགས་ནི་གཙོ་གྲུབ་བྱེད་པའི་སྒོ་ནས་རྒྱལ་ཁབ་བཟོ་ཚོགས་ཅུས་ལ་པེ་ཁྲོན་གྱི་ཆའང་རིགས་འཚེམ་དྲུབ་ཅེས་པའི་རྟགས་དང་ས་རྒྱུས་མཚོན་རྟགས་ཡར་ཞུ་བྱས་ཏེ། ལོ་རེར་ཆའང་རིགས་ཀྱི་ལག་རྩལ་འགྲན་པའི་བྱ་འགུལ་སྤེལ་ཞིང་སྤྱི་ཚོགས་འགན་ལེན་དང་འཚོ་བའི་ཁ་གསབ་སོགས་པའི་ཐད་ནས་ཆའང་རིགས་ཀྱི་འཚེམ་དྲུབ་རྒྱུན་འཛིན་མཁན་ལ་གཟིགས་སྐྱོང་གི་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་ཅིང་རང་བདག་གསར་གཏོད་བྱེད་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱ་རྩིས་བྱས། རྫོང་ནོར་སྲིད་ཀྱིས་ལོ་རེར་བཞིན་དུ་འཚེམ་དྲུབ་ཐད་ལ་དྲིལ་སྒྲོག་དང་སྦྱོང་བརྡར་བྱེད་པའི་མ་དངུལ་བཀོད་སྒྲིག་བྱ་ཞིང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ23དུ་རིག་གནས་ས་ཚུགས་བསྐྲུན་ནས་ཆའང་རིགས་ཀྱི་འཚེམ་དྲུབ་སྦྱོང་བརྡར་བྱ་བརྩིས་ཡོད ། མིག་སྔར། པེ་ཁྲོན་ཞིབ་འཇུག་དང་། ཐོན་སྐྱེད། བདག་གཉེར་བཅས་བྱེད་པའི་ཆའང་རིགས་ཀྱི་ཐོན་སྐྱེད་བྱེད་ཡུལ་ཞིག་ཐོག་མར་ཆགས་བཞིན་ཡོད། བརྒྱ་ཆ65ཡི་ཆའང་རིགས་བུད་མེད་ཀྱིས་འཚེམ་དྲུབ་ལག་རྩལ་ཕལ་ཆེར་ཁོང་དུ་ཆུད་པ་དང་། སྤྱི་གཉེར་ཁང་དང་ཚོང་འབྲེལ་གྱི་ཡིག་བཀོད་དེ། ཞིང་ལས་མི་བྲེལ་དུས་སུ་འཚེམ་དྲུབ་ལས་ལ་ཞུགས་མཁན་ཆའང་རིགས་བུད་མེད་ཕལ་ཆེར་ཁྲི 1.1ལྷག་ལ་བསླེབས་ངེས།།