མཚོ་སྔོན་པོ་དྲ་བ། 2014-06-25
ཟླ6པའི་ཚེས20ཉིན། ཀན་སུའུ་ཞིང་ཆེན་པར་མཁན་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་མཛེས་རྩལ་གླིང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། ཀན་ལྷོ་ཁུལ་པར་མཁན་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི“བཀྲ་ཤིས་པའི་ཀན་ལྷོ”ཞེས་པའི་པར་རིས་བརྩམས་ཆོས་འགྲེམ་སྟོན་ཀན་སུའུ་ལན་ཀྲུའུ་རུ་སྤེལ་བ་རེད།
ཐེངས་འདིའི་པར་རིས་བརྩམས་ཆོས་འགྲེམ་སྟོན་གྱི་དམིགས་འབེན་ནི་ཀན་ལྷོའི་པར་མཁན་གྱི་དཔུང་སྡེའི་མཐུ་དཔལ་ཡོངས་སུ་མངོན་ཐོག ཕྱི་ཕྱོགས་ཀྱི་ཁྱབ་སྒྲོག་རྒྱ་ཆེར་སྤེལ་ནས་ཀན་ལྷོའི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད་ཡིན་ཞིང་། ཐེངས་འདིའི་འགྲེམ་སྟོན་སྟེང་བསྡོམས་པས་བརྩམས་ཆོས808བསྡུས་པ་དང་། ནན་ཏན་གྱིས་འདེམས་སྒྲུག་དང་དཔྱད་བསྡུར་བྱས་པར་བརྒྱུད་ནས་བརྩམས་ཆོས118ཁྲོད་ཕུལ་དུ་བྱུང་བའི་བརྩམས་ཆོས30བདམས་ལ། དེའི་ཁྲོད《དག་གཙང་གི་བྱབས་ཁྲུས》ཞེས་པའི་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10