བོད་ཀྱི་གསོ་རིག་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཐོག་མ་མཚོ་སྔོན་དུ་བཙུགས།

    མཚོ་སྔོན་པོ་དྲ་བ།    2014-06-25

  ཉེ་ཆར། ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཐོག་མ་སྟེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཀྱི་གསོ་རིག་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་མཚོ་སྔོན་དུ་བཙུགས། བོད་ཀྱི་གསོ་བ་རིག་པ་ནི་མིའི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་གི་གྲས་ཤིག་ཡིན་པ་དང་། མདོ་དབུས་མཐོ་སྒང་ནས་བྱུང་ཞིང་ལོ་རྒྱུས་ཀྱི་ཡུན་ཧ་ཅང་རིང་། དེ་ལས་བརྒྱུད་པའི་བོད་ཀྱི་གསོ་རིག་དཔེ་དེབ་ཧ་ལམ5000ལྷག་ཡོད་པ་དང་། མིང་དུ་གྲགས་པའི《གསོ་རིག་རྒྱུད་བཞི》དང《སྨན་དཔྱད་ཟླ་བའི་རྒྱལ་པོ》ནི་ལྷག་ཏུ་ཁྱད་དུ་འཕགས་ལ། བོད་ཀྱི་གསོ་རིག་ལའང་ཤུགས་རྐྱེན་ཟབ་མོ་ལྡན།
      མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཀྱི་གསོ་རིག་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་བཙུགས་པ་ལས་བོད་ཀྱི་གསོ་རིག་ཞིབ་འཇུག་ཐད་ཡར་ཐོན་གྱི་ནུས་པ་ཆེན་པོ་ལྡན་ངེས།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།
  • ལེ་ཚན་རྗེས་མ།:“བཀྲ་ཤིས་པའི་ཀན་ལྷོ”ཞེས་པའི་པར་རིས་བརྩམས་ཆོས་འགྲེམ་སྟོན་ལན་ཀྲུའུ་རུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།