ཁྲའོ་ཞན་གྱིས་མའོ་ཙེ་ཏུང་འཛིན་གྲྭ་ཞེས་མིང་བཏགས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུས་པ།

    ཤིན་ཧྭ་གསར་འགྱུར་ཁང་།    2014-06-20

ཚེས་17ཉིན་ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཧུང་ཚའེ་ཡིས་གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་དཔོན་གྱི་སྣེ་འཁྲིད་ནས་ཤར་ཕོང་དབྱང་སློབ་འབྲིང་དང་པོར་བསྐྱོད་དེ་ཁྲའོ་ཞན་གྱི་བློ་མཐུན་དང་མཉམ་དུ་ཁྲའོ་ཞན་གྱི“མའོ་ཙེ་ཏུང་འཛིན་གྲྭ”ཞེས་མིང་བཏགས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    1950ལོའི་ཟླ་11ཚེས་2ཉིན“ཨ་འགོག་ཁྲའོ་རོགས་ཀྱིས།ཁྱིམ་སྲུང་རྒྱལ་སྐྱོབ་བྱེད”པའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པའི་ཀྲུང་གོའི་པེ་ཅིང་སློབ་འབྲིང་ལྔ་པའི་དམའ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ(ཀ་པ)ལ“ཅིན་རི་ཁྲེང་འཛིན་གྲྭ”ཞེས་མིང་བཏགས་པ་དང་།ཁྲའོ་ཞན་གྱིས་ཀྱང་1959ལོའི་ཟླ་6ཚེས་17ཉིན“མའོ་ཙེ་ཏུང་འཛིན་གྲྭ”བཙུགས་པ་རེད།དེ་ནས་བཟུང“ཅིན་རི་ཁྲེང་འཛིན་གྲྭ”དང“མའོ་ཙེ་ཏུང་འཛིན་གྲྭ”གཉིས་མཐུན་སྒྲིལ་མཛའ་མཐུན་བྱུང་བ་དང་དེ་ནི་རྒྱལ་ཁབ་གཉིས་ཀྱིས་ཕྱི་རྒྱལ་གྱི་གཙོ་བདག་གི་མིང་བཏགས་པའི་འཛིན་རིམ་འབའ་ཞིག་ཡིན་ལ་ཚང་མ་ནི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ལས་གྲུབ་པ་ཞིག་རེད།
    ཁྲའོ་ཞན་ཕྱི་ཕྱོགས་རིག་གནས་འབྲེལ་མཐུད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁྲའོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཧའོ་ཡོན་གྱིས་གཞུང་ཚབ་ཆེ་མོ་བ་ལིའུ་ཧུང་ཚའེ་དང་ལྷན་དུ“མའོ་ཙེ་ཏུང་འཛིན་གྲྭར”ཕེབས་པ་རེད།གཞུང་ཚབ་ཆེ་མོ་བ་ལིའུ་ཧུང་ཚའེ་ཡིས་སློབ་མ་ཚོར“མའོ་ཙེ་ཏུང་འཛིན་གྲྭ”དང“ཅིན་རི་ཁྲེང་འཛིན་གྲྭ”ཡིས་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་མཛའ་མཐུན་བྱ་གཞག་ལ་སྐུལ་མ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་ཞིག་ཡིན།ང་ཚོས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་འབད་བརྩོན་གྱིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལ་གཅེས་སྤྲས་དང་གོང་འཕེལ་གཏོང་དགོས་པ་དང་།ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྐུལ་མ་ཟམ་མི་ཆད་པར་བཏང་ནས་འཕེལ་རྒྱས་གསར་པ་རྒྱུན་མི་ཆད་པར་ཐོབ་པར་བྱེད་དགོས།“མའོ་ཙེ་ཏུང་འཛིན་གྲྭ”ཞེས་མིང་བཏགས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བ་དང་།སློབ་གྲོགས་ཀུན་ལ་སྦྱངས་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུའི་བཀྲ་ཤིས་བདེ་ལེགས་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
 
  • ལེ་ཚན་སྔོན་མ།:ཞིས་ཅིན་ཕིང་གིས་མཁའ་དམག་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིར་མཇལ་ འཕྲད་གནང་སྐབས།
  • ལེ་ཚན་རྗེས་མ།:《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ》པར་སྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།