ཀྲུང་གོ་བོད་ཀྱི་དྲ་བ། 2014-06-25
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ལྔ་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོ་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི“ལྔ་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་སྔོན་གྱི་འཆར་འགོད་སྒྲིག་བཟོ་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མ་ཧྲིན་ཆིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
ཚོགས་འདུས་བསྟན་དོན། “ལྔ་བཅུ་གསུམ་པའི”དུས་སྐབས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བ། དཔལ་འབྱོར་སྤོ་བསྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། ཧུར་བརྩོན་གྱིས“ཁུལ་གསུམ”གསར་འཛུགས་བྱེད་པའི་གལ་ཆེ་བའི་དུས་སྐབས་ཤིག་ཡིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གནས་པའི་རྣམ་པ་གསར་བ་དང་བླང་བྱ་གསར་བར་ངོས་འཛིན་ཟབ་མོ་བྱེད་དགོས་པ་མ་ཟད་དམ་འཛིན་ཡང་དག་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་བའི་ལོ་ལྔ་རིང་གི་དམིགས་ཚད་ལས་འགན་དང་བྱེད་ཐབས་གལ་ཆེན་ཇུས་འགོད་བྱེད་དགོས་ཤིང་། ཆུ་ཚད་མཐོ་བའི“ལྔ་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་བཟོ་བ་ནི་ཞིང་ཆེན་ཡོངས་ཀྱི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་ཡོད་པས་དོན་སྙིང་གལ་ཆེན་ལྡན་པ་ཡིན།
ཚོགས་འདུས“ལྔ་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོ་བྱེད་པར་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་སྐྱོང་དམིགས་ཡུལ་མངོན་པར་མཚོན་ནས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་དང་ཞིང་ཆེན་རང་གི་དངོས་ཡོད་གནས་ཚུལ་ལ་ངོས་འཛིན་ཡང་དག་སྒོས་བརྟན་བརླིང་ངང་འཕར་བ་དང་སྒྲིག་གཞི་བཅོས་བསྒྱུར། དམངས་འཚོར་ཕན་ཁེ་བསྐྲུན་པ། རྨང་གཞི་ཇེ་བརྟན་དུ་གཏོང་བའི་འཕེལ་རྒྱས་ཐབས་ལམ་རྒྱུན་བསྐྱངས་ཏེ། ཚན་རིག་དང་མཐུན་པའི་སྒོས་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། “ཁུལ་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཙོ་གནད་བྱེད་ནུས་ཁུལ་དང་གསར་དར་གྲོང་རྡལ་ཅན་དུ་བསྒྱུར་བའི་འཐབ་ཇུས་སོགས་གཙོ་གནད་ལས་འགན་དང་གཙོ་གནད་ཁྱབ་ཁོངས། གཙོ་གནད་བཟོ་འགོད་བཅས་འབུར་ཏུ་བཏོད་དགོས་པའི་བླང་བྱ་བཏོན།
ཚོགས་འདུས་ནན་གྱིས་བསྟན་དོན། ས་ཁུལ་དང་སྡེ་ཁག་སོ་སོས་འཆར་འགོད་སྒྲིག་བཟོ་བྱ་བར་མཐོང་ཆེན་བྱས་ཏེ་རྟོག་ཞིབ་བྱ་བར་ཤུགས་སྣོན་དང་། གཅིག་གྱུར་གྱིས་མཐུན་སྦྱོར་སྐུལ་སྤེལ་བྱས་ནས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་འཆར་འགོད་སྒྲིག་བཟོ་ལས་འགན་ལ་ཁག་ཐེག་བྱེད་པ་དང་། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་འཆར་གཞི་ལེགས་པོར་བཟོ་དགོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10