སི་ཁྲོན་གྱི་ཞིང་སྡེའི་སྡོད་ཁང་མེད་པའི་དུད་ཚང་དབུལ་པོ་ཁྲི40ལྷག་ལོ5ཡི་ནང་དུ་སྡོད་ཁང་གསར་པར་སྤོ་ཐུབ་རེ་ཡོད།

གངས་སྐྱིད་ཀྱིས་བསྒྱུར།        2015-01-16

ཞིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན།སི་ཁྲོན་གྱིས་སྒོ་ཀུན་ནས་ཞིང་སྡེའི་ཁང་གླ་བདེ་བའི་སྡོད་ཁང་བསྐྲུན་རྒྱུར་སྐུལ་འདེད་གཏང་རྒྱུརེད། འབྱུང་འགྱུར་གྱི་ལོ་ལྔའི་ནང་། ཞིང་སྡེའི་སྡོད་ཁང་མེད་པའི་དུད་ཚང་དབུལ་བོ་ཁྲི40ལྷག་སྡོད་ཁང་གསར་པར་སྤོ་ཐུབ་རེ་ཡོད།   སི་ཁྲོན་གྱི་ས་གནས་ཁག་གིས་བརྟག་དཔྱད་དང་བསྡོམས་རྩིས་བྱས་ཚུལ་ལ་གཞིགས་ན།མིག་སྔར་སི་ཁྲོན་ལ་ཞིང་སྡེའི་ཁང་གླ་བདེ་བའི་སྡོད་ཁང་བསྐྲུན་རྒྱུའི་བྱ་ཡུལ་ཆ་རྐྱེན་འཛོམས་མཁན་ཞིང་དུད་ཁྲི43གི་མི་ཁྲི129.7ཡོད་པ་དེ་ཞིང་ཆེན་དེའི་ཞིང་དུད་བསྡོམས་འབོར་གྱི་བརྒྱ་ཆ2.1ཟིན་ཡོད།དེའི་ནང་ཞིང་སྡེའི་ཁང་གླ་བདེ་བའི་སྡོད་ཁང་བསྐྲུན་པར་ཞུགས་འདོད་ཡོད་པའི་ཞིང་དུད་ཁྲི35.7ཡོད་པ་དེས་ཞིང་ཆེན་དེའི་ཞིང་དུད་བསྡོམས་འབོར་གྱི་བརྒྱ་ཆ1.7ཟིན་ཡོད་པ་རེད།
    བརྟག་དཔྱད་བྱས་ནས་མཚོན་པ་ལྟར་ན།ཞིང་སྡེའི་ཁང་གླ་བདེ་བའི་སྡོད་ཁང་དུ་སྡོད་པའི་ཆ་རྐྱེན་འཛོམས་པའི་ཞིང་དུད་གཙོ་བོ་རི་བོ་ཆིན་པ་དང་ཝུའུ་མོང་ཧྲན་གྱི་ཡུལ་འབྲེལ་གྱི་དབུལ་སྐྱོར་ས་ཁུལ་དང་མི་རིགས་ས་ཁུལ་དུ་འདུས་ཡོད།རི་བོ་ཝུའུ་མོང་ལ་གནས་པའི་དབྱི་པིང་རྫོང་དུ་ད་ལྟར་ཞིང་དུད་ཁྲི30ཡོད་པ་དང་དེའི་ནང་ཁང་གླ་བདེ་བའི་སྡོད་ཁང་དུ་སྡོད་པའི་ཆ་རྐྱེན་འཛོམས་པའི་དུད་ཚང་ཁྲི1.2ཡོད་པ་དེས་བསྡོམས་འབོར་གྱི་བརྒྱ་ཆ4ཟིན་ཡོད་པ་རེད།
    ད་ལོར་སི་ཁྲོན་གྱིས་ཞིང་སྡེར་བདེ་སྡོད་སྡོད་ཁང་ཁྲི་བསྐྲུན་པའི་བྱ་སྤྱོད་སྤེལ་བས། ཞིང་སྡེའི་དུད་ཚང་ཁྲི58ཡན་གྱི་སྡོད་ཁང་གསར་སྐྲུན་དང་ལེགས་བཅོས་བྱས་ཡོད། དམིགས་སུ་བཀར་ནས་ཞིང་སྡེའི་སྡོད་ཁང་མེད་པ་དང་། ཉེན་ཁང་ཡིན་པ། སྡོད་ཁང་དཀའ་གནད་ཡོད་པའི་དུད་ཚང་དབུལ་བོ་རྣམས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་ཡོད་དོ།། 
  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་སྐབས་ལྔ་པའི་མི་དམངས་ཀྱི་རེ་འདོད་བསྐོང་ཐུབ་པའི་གཞུང་ཞབས་པའི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་ཁོངས་ཆེན་པོ་དྲུག་གི་འཛད་སྤྱོད་ལ་སྐུལ་འདེད་གཙོ་ཆེ་གཏོང་བར་བཀོད་སྒྲིག་གནང་།
  • དོ་སྣང་ཆེ་བའི་རྩོམ།