སྡེ་ཁག་དྲུག་གིས་དེང་རབས་ལས་རིགས་སློབ་གསོའི2015ལོར་དམའ་རིམ་གྱི་འཕེལ་རྒྱས་དམིགས་ཡུལ་བཀོད།

མིག་དམར་གྱིས་བསྒྱུར།        2014-07-04

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་ཆོད་དོན》བཀྲམ་རྗེས།ཟླ་བ6པའི་ཚེས23ཉིན་སློབ་གསོ་པུའུ།རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན།ནོར་སྲིད་པུའུ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།ཞིང་ལས་པུའུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ《དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པའི་འཆར་འགོད(2014-2020ལོའི་བར)》བསྒྲགས་ཤིང་།ལས་རིགས་སློབ་གསོ་དེ་གོམ་པ་བགོས་ནས་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་དང2015ལོར་དམའ་རིམ་གྱི་འཕེལ་རྒྱས་གཏང་རྒྱུའི་དམིགས་ཡུལ་གསལ་པོ་བཏོན་པ་རེད།
འཆར་འགོད་ལ་གཞིགས་ན།2015ལོར་སླེབས་དུས།རང་རྒྱལ་གྱི་གཞི་རྩའི་ཐོག་ནས་དེང་རབས་ལས་རིགས་སློབ་གསོའི་མ་ལག་གཞི་སྒྲོམ་གྲུབ་དགོས་ཤིང་།འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2250ལ་སླེབས་ཐུབ་པ་དང་ཆེད་སྦྱོང་ཚན་ཁག་རིམ་པའི་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1390ལ་སླེབས་ཐུབ་དགོས་པ་རེད།
འཆར་འགོད་ནང་ད་དུང་ཞིབ་ཕྲའི་ལས་ཀའི་ལས་འགན་རབ་དང་རིམ་པ་བཏོན་ཡོད།དཔེར་ན།གཞི་རྩའི་ཐོག་རེས་སྐོར་གསར་པའི་ཆེད་ལས་སྒྲིག་བཀོད་བཅོས་བསྒྱུར་བྱ་རྒྱུའི་ལས་འགན་གྲུབ་ཐུབ་པ་བྱེད་དགོས་པ་དང་།སློབ་མས་ཆེད་ལས་གདམ་རྒྱུ་དང་ཆེད་ལས་བསྒྱུར་པའི་རང་ཐག་གཅོད་པའི་དབང་ཆ་རྒྱ་སྐྱེད་གཏོང་དགོས།ས་ཁོངས་ཀྱི་འབྲིང་རིམ་མཐོ་རིམ་ཆེད་ལས་སྒྲིག་བཀོད་ལ་དོ་དམ་བྱེད་པའི་སྤྱི་ཁོག་གི་མཐུན་སྦྱོར་ནང་རྐྱེན་འཛུགས་རྒྱུར་འཚོལ་ཞིབ་བྱེད་དགོས་།གཞི་རྩའི་ཐོག་ལས་རིགས་སློབ་གསོ་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་བསྐྲུན་དགོས།  ལས་རིགས་སློབ་གྲྭ་ཡོད་ཚད་ཀྱིས་སྡེ་ཁུལ་བསླབ་ཚན10ལྷག་འཛུགས་དགོས་པ་བཅས་རེད།     《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་ཆོད་དོན》ནང་གསལ་པོ་བཏོན་པར།2020ལོར་བསླེབ་དུས།རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་ཐོན་ལས་དང་སློབ་གསོ་མཉམ་བསྲེས་གཏིང་ཟབ།འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོའི་བར་མཐུད་སྦྲེལ།ལས་རིགས་སློབ་གསོ་དང་སྤྱིར་བཏང་གི་སློབ་གསོ་བར་ཕན་ཚུན་འབྲེལ་མཐུད་བཅས་ཀྱི་རྣམ་པ་ཆགས་པ་བྱས་ཏེ་ཚེ་གཅིག་ལ་སློབ་གསོའི་བསམ་བློ་མངོན་ཞིང་།ཀྲུང་གོའི་ཁྱད་ཆོས་ལྡན་ལ་འཛམ་གླིང་གི་ཆུ་ཚད་ཡོད་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་བཅས་ཆགས་གང་ཐུབ་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ཀློག་དེབ་དཔར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:དབྱི་ལིན་གྱིས་ལས་རིགས་ལག་རྩལ་གསོ་སྦྱོང་བྱས་ནས་ཞིང་པར་ཡོང་འཕར་ཕྱུག་པོར་གྱུར།།
  • དོ་སྣང་ཆེ་བའི་རྩོམ།