མཚོ་སྔོན་འབྲོག་དམངས་ཀྱི་ཡོང་སྒོ་མགྱོགས་མྱུར་ངང་འཕར་བ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-02-24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2བའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བའི་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར7291ལ་སླེབས་ཤིང་། དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ།

རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་སོང་བ་དང་བསྟུན། མཚོ་སྔོན་འབྲོག་དམངས་ཀྱིས་སྔོན་ཆད་ཀྱི་ཕྱུགས་ལས་གཙོ་བོར་གཉེར་ནས་སྔོག་བསྡུ་ལས་རིགས་ཞོར་སུ་ལས་བའི་ཡོང་འབབ་སྐྲུན་པའི་སྒྲིག་གཞི་ལ་འགྱུར་ལྡོག་བཏང་བ་དང་། ཕྱུགས་ལས་ཀྱི་ཐོན་སྐྱེད་སྦས་ཤུགས་སྔོག་འདོན་བྱས་པ་མ་ཟད་ཐོན་ལས་གཉིས་པ་དང་གསུམ་པ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། 2013ལོར་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བའི་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར7291ལ་སླེབས་པ་དང་དུས་མཉམ་གྱི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་ལས་སྒོར་1094.6གིས་མཐོ་བ་དང་། 2010ལོ་ལས་སྒོར3079ཡིས་མཐོ། ། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གནའ་དཔེ་སྲུང་སྐྱོང་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་བཙུགས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།