བོད་ལྗོངས་ཀྱིས་དབུལ་ཕོངས་མི་གྲངས་ཁྲི13ཇེ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།

    བོད་ལྗོངས་ཉིན་རེའི་ཚགས་པར།    2014-04-04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་བའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་གནས་ཚུལ་སྐོར་གྱི་དཔྱད་བསྡུར་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས། སྙན་ཞུ་ཁྲོད་བསྟན་དོན། ད་ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་བྱ་བར་ཤུགས་སྣོན་རྒྱུ་དང་། སྲིད་ཇུས་དང་རྣམ་གྲངས། ཐོན་ལས། སྤྱི་ཚོགས་བཅས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་བྱེད་ཐབས་མང་པོ་སྤྱད་དེ་བོད་ལྗོངས་ཀྱི་དབུལ་ཕོངས་མི་གྲངས་ཁྲི13ཇེ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།
སྙན་ཞུ་ལྟར་ན། ན་ནིང་བོད་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་མ་དངུལ་སྒོར་དུང་ཕྱུར807.67ལ་སླེབས་པ་དང12.1%འཕར་ཡོད། འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་གསུམ་པར་གྱུར་ཡོད་པས་བསྟུད་མར་ལོ21ལ་གྲངས་གནས་གཉིས་ཀྱི་འཕར་བ་རྒྱུན་འཁྱོངས་བྱས། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར22561ལ་སླེབས་པ་དང11.6%འཕར་ཡོད་དེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར། རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་སྒོར6578ལ་སླེབས་ཤིང15%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་གྱུར། ད་ལོར་བོད་ལྗོངས་ཀྱིས་ནོར་སྲིད་ཁྲོད་མ་དངུལ་སྒོར་དུང་ཕྱུར70ལྷག་བཏང་སྟེ་དམངས་འཚོའི་ཁ་གསབ་རྣམ་གྲངས18རྒྱ་བསྐྱེད་པར་བེད་སྤྱོད་རྒྱུ་ཡིན། དེ་མིན་ཡོང་སྒོ་བགོ་བཤའ་རྒྱག་པའི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། གྲོང་རྡལ་སྡོད་དམངས་ཀྱིས་སྤྱོད་ཆོག་པའི་ཡོང་སྒོ8%འཕར་བ་དང་། རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང13%ཡན་འཕར་བར་ཁག་ཐེག་བྱ་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:བོད་ལྗོངས་དཔེ་མཛོད་ཁང་གི་དཔེ་ཁྲིད་མུན་སེལ་སྒྲོན་མེ་ཞེས་པའི་བྱ་འགུལ་སྤེལ་འགོ་བརྩམས།
  • ལེ་ཚན་རྗེས་མ།:ཆབ་མདོ་ས་ཁུལ་གྱིས་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེར་པར་ཤུགས་བསྣན་པ།
  • དོ་སྣང་ཆེ་བའི་རྩོམ།