ཐོན་མིའི་གླིང་བོད་ཀྱི་རིག་མཛོད་གླིང་གི་ལས་གྲྭ་དང་པོ་དབུ་འཛུགས་མཛད་སྒོ་སྤེལ།

ཨོ་རྒྱན་དོན་གྲུབ།        2014-04-01

ཐོན་མིའི་གླིང་བོད་ཀྱི་རིག་མཛོད་གླིང་གི་ལས་གྲྭ་དང་པོ་དབུ་འཛུགས་མཛད་སྒོ་སྤེལ།

2014ལོའི་ཟླ3ཚེས26ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པར།རྒྱལ་ཁབ་རིམ་པའི་རིག་གནས་ཐོན་དངོས་དཔེ་སྟོན་རྟེན་གཞི་དང་ཐོན་མིའི་གླིང་བོད་ཀྱི་རིག་མཛོད་གླིང་གི་ལས་གྲྭ་དང་པོ་དབུ་འཛུགས་མཛད་སྒོ་དེ་དབུས་མཆོག་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་གཟབ་རྒྱས་ངང་སྤེལ་བ་རེད།མཛད་སྒོ་ཐོག་ཏུ་བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟག་རྩེ་རྫོང་། ནོར་སྲིད་སྡེ་ཁག་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་གོང་རིམ་འགོ་ཁྲིད་དང་།བོད་ལྗོངས་གངས་ཏི་སེའི་རིག་གནས་ཐོན་ལས་ཚོགས་པ།ཨར་ལས་སྡེ་ཚན་སོགས་ལས་ཁུངས་དང་སྡེ་ཁག་གང་མང་མཛད་སྒོའི་ཡུལ་དངོས་སུ་ཞུགས་ཡོད་པ་རེད།འདི་ནི་བོད་ལྗོངས་ཀྱི་ཐོག་དང་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལས་གཞི་ཆེས་ཆེ་བའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ཀྱི་རྣམ་གྲངས་ཤིག་ཡིན་ལ། ཐོན་མིའི་གླིང་བོད་ཀྱི་རིག་མཛོད་གླིང་གི་ལས་གྲྭ་དང་པོ་དེ་ཡང་ཡིན།
    ཐོན་མིའི་གླིང་བོད་ཀྱི་རིག་མཛོད་གླིང་གི་ལས་གཞིའི་རྣམ་གྲངས་འདིར་འབྲེལ་ཡོད་གོང་རིམ་ལས་ཁུངས་དག་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་ཅིང་། ལས་གཞིའི་རྣམ་གྲངས་འདིས་བོད་ཀྱི་གཟུགས་མེད་རིག་གནས་བརྒྱུད་འཛིན་བྱས་པ་ཙམ་མ་ཡིན་པར། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ལ་སྐུལ་འདེད་དང་མདུན་སྐྱོད་ཀྱི་ནུས་པ་གལ་ཆེན་ཞིག་ཐོན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་བོད་ལྗོངས་སུ་ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ཁུལ་དང་བོད་རང་སྐྱོང་ལྗོངས་སུ་ཀྲུང་གོའི་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱི་དམིགས་ཡུལ་དེ་མངོན་འགྱུར་ཡོང་བར་ཕན་འབྲས་བླ་ན་མེད་པ་ཐོན་ཡོད་པ་རེད། ཐོན་མིའི་གླིང་བོད་ཀྱི་རིག་མཛོད་གླིང་ཞེས་པའི་ལས་གཞིའི་རྣམ་གྲངས་འདི་ལ་རྒྱལ་ཁབ་རིག་གནས་སྡེ་ཁག་དང་། རང་སྐྱོང་ལྗོངས་དྲིལ་སྒྲོག་པུའུ་རིག་གནས་ཐིང་། ལྷ་ས་གྲོང་ཁྱེར་བཅོས་བསྒྱུར་ཨུ་ལྷན། གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས། གྲོང་ཁྱེར་རིག་གནས་ཅུས། གྲོང་ཁྱེར་ཡུལ་སྐོར་ཅུས། གྲོང་ཁྱེར་ཨུ་ཡོན་དྲིལ་སྒྲོག་པུའུ། གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་།སྟག་རྩེ་རྫོང་གི་འབྲེལ་ཡོད་སྡེ་ཁག་སོགས་ཀྱི་རྒྱབ་སྐྱོར་དང་ཆོག་མཆན་ཐོབ་པ་བརྒྱུད་ལས་གཞིའི་རྣམ་གྲངས་བདེ་བླག་ངང་དངོས་སུ་འགོ་བཙུགས་ཤིང་།ཁྱོན་ཡོངས་ནས་ཨང་ལས་རྒྱག་པའི་འགོ་བརྩམས་པ་རེད།
  • ལེ་ཚན་སྔོན་མ།:2014ལོའི་དབྱི་སི་ལན་ཟས་རིགས་འགྲེམ་སྟོན་གྱི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱི་དབང་བོ་སྐྱོན་ཅན67.7%ལས་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།