བོད་ལྗོངས་ཀྱི་ལྕགས་རྟར་ཞོན་ནས་བྲག་གསུམ་མཚོར་བསྐོར་བའི་འགྲན་སྡུར་སྐབས་གཉིས་པ་ཟླ་ལྔ་བར་སྤེལ་རྒྱུ་ཡིན་པ།

དབྱངས་ཅན་སྐྱིད།    ཀྲུང་གོའི་བོད་ལྗོངས་ཆ་འཕྲིན།    2014-03-18

 2014ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་ཟླ་ལྔ་བའི་ཚེས་གསུམ་ཉིན་བར་བོད་ལྗོངས་ཉིང་ཁྲི་ས་ཁུལ་རྒྱལ་ཁབ་ཀྱི་ཀ་བཞི་རིམ་པའི་མཛེས་ལྗོངས་ཁུལ་དང་བྲག་གསུམ་མཚོ་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་བཅས་སུ་ལྕགས་རྟར་ཞོན་ནས་བྲག་གསུམ་མཚོར་བསྐོར་བའི་འགྲན་སྡུར་སྤེལ་རྒྱུ་རེད།

    གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བྲག་གསུམ་མཚོར་བསྐོར་བ་རྒྱག་པའི་ལམ་ཐག་ཡོངས་ལ་ལེ་དབར་ཞེ་གཅིག་ཡོད་པ་དང་། དེ་ལས་བརྒྱ་ཆའི་བདུན་ཅུ་རི་ལམ་ཡིན། དེར་ཆེད་ལས་རི་ཐང་བརྒལ་བའི་ལྕགས་རྟའི་བགྲོད་ལམ་ལེ་དབར་བཅོ་ལྔ་དང་། ལས་ཞོར་རི་ཐང་བརྒལ་བའི་ལྕགས་རྟའི་བགྲོད་ལམ་ལེ་དབར་བཅུ་གཉིས་ཏེ་ཁག་གཉིས་སུ་བགོས་ཡོད། ལམ་ཐག་ཡོངས་ཀྱི་བརྒྱ་ཆའི་སུམ་ཅུ་གཞུང་ལམ་ཡིན་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་སྟོང་གསུམ་དྲུག་བརྒྱ་ལྷག་ཡིན། འགྲན་སྡུར་ཡོངས་ཉིན་གསུམ་ནང་མཇུག་རྫོགས་རྒྱུ་རེད། འགྲན་བསྡུར་ལམ་ཐིག་ནི་བོད་མིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་བཏོད་པའི་སྲོལ་རྒྱུན་གྱི་མཇལ་སྐོར་ལམ་ཐིག་རེད།

  • ལེ་ཚན་སྔོན་མ།:བྱམས་པ་གླིང་དགོན་གྱི་དགེ་འདུན་པས་མཚན་ཉིད་རྩོད་པའི་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:སྲོལ་རྒྱུན་གྱི་བོད་ལུགས་འཚེམ་དྲུབ་ཀྱིས་བོད་རིགས་བུད་མེད་ཀྱི་འཚོ་བོ་གསར་པ་གཏོད་པ།
  • དོ་སྣང་ཆེ་བའི་རྩོམ།