མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་པའི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-01-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་མཁར་གྲོང་རྒན་གསོའི་ཉེན་ཚབ་ཆུ་ཚད་མངོན་གསལ་ཇེ་མཐོར་གཏོང་རྒྱུ་དེ།སྤྱི་ཚོགས་འགན་ལེན་གྱི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས།ཟམ་མ་ཆད་པའི་ངང་བྱེད་ཐབས་སྟོབས་བསྒྱུར་དང་ཞིབ་ཕྲའི་གནད་དོན་ལ་འགན་ཡང་དག་འཁུར་བ་སོགས་བརྒྱུད་ལོ་ངོ་དུ་མའི་དཀའ་སྤྱད་འབད་འཐབ་ལ་བརྟེན་མཐར།ཁུལ་ཡོངས་མཁར་གྲོང་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་པའི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང་ནས།རྒན་གསོའི་ཉེན་ཚབ་བྱ་བས་ཉེན་ཚབ་ཁྲོད་ཞུགས་མཁན་རྣམས་ལ་སྲུང་སྐྱོབ་འགན་ལེན་ཡག་པོ་བྱས།
ཤེས་གསལ་བྱུང་བ་ལྟར་ན།ཉིས་སྟོང་བཅུ་བཞི་ལོར།ཁུལ་ཡོངས་ཀྱི་མཁར་གྲོང་ལས་བྱེད་མི་སྣ་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་ཁྱོན་བསྡོམས་སྟོང་བདུན་དང་བདུན་བརྒྱ་ལྔ་བཅུ་ཡོད་ཅིང་།དེ་ནི་ལོ་སྔུན་མ་ལས་མི་གྲངས་བརྒྱ་དང་དོན་བཞིས་ཇེ་མང་དུ་སོང་འདུགལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཁེ་ལས་སྡེ་ཁག་གི་ལས་བྱེད་མི་སྣ་སྟོང་གཅིག་དང་བཞི་བརྒྱ་གྱ་ལྔར་རྒན་གསོའི་མ་དངུལ་ཁྱོན་བསྡོམས་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་ལྔ་བྱིན་ཟིན་ལ།དེའི་ཁྲོད་ཀྱི་མི་སྟོང་གཅིག་དང་བཞི་བརྒྱ་རེ་གསུམ་ལ་རྒན་གསོའི་མ་དངུལ་སྤྲད་ཆོག་པའི་ཐོབ་ཐང་དཔང་ཡིག་གནང་བར་མ་ཟད།མི་རེར་ཆ་སྙོམས་རྒན་གསོའི་མ་དངུལ་སྒོར་སྟོང་གཉིས་དང་བདུན་ཅུ་དོན་བཞི་བྱིན་པ་རེད།མཁར་གྲོང་སྡོད་དམངས་ཀྱི་མི་ཁྲི་བརྒྱད་དང་སྟོང་བརྒྱད་བཞི་བརྒྱ་ཉེར་བརྒྱད་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་ཟིན་ལ།རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་དགུར་བསླེབས།མཁར་གྲོང་རྒན་གསོའི་ཉེན་ཚབ་མ་དངུལ་ལོངས་སུ་སྤྱོད་མཁན་གྱི་མི་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་གྱ་དྲུག་ལ་གཞི་རྩའི་རྒན་གསོའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དགུ་ཁྲི་ལྔ་བྱིན་པ་དང་།མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་མ་དངུལ་སྒོར་བརྒྱ་དང་བཅོ་ལྔ་ནས་བརྒྱ་དང་ཉི་ཤུ་ལ་བསླེབས།དེ་མིན་ད་དུང་ཁྱིམ་ཚང་སུམ་བརྒྱ་བདུན་ནས་ཐོན་པའི་ཁྱིམ་མི་བདུན་བརྒྱ་སོ་གཉིས་ལྷག་རྒན་གསོའི་ཁྲོད་འཇུག་པའི་ཐོ་འགོད་སྔོན་འགྲོའི་བྱ་བ་ཡོངས་འགྲུབ་བྱས་ཡོད།  །
 
  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་ནགས་ཀྱི་སྐྱེ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན་པ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།