མཐོ་སྒང་གི་ལུས་རྩལ་བགྲོ་གླེང་ཚོགས་འདུ་ལྷ་སར་བསྡུས་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-11-14
ཉེ་ལམ། བོད་རང་སྐྱོང་ལྗོངས་ཀྱི་མཐོ་སྒང་ལུས་རྩལ་བགྲོ་གླེང་ཚོགས་འདུ་དེ་ལྷ་སར་བསྡུས་ཤིང་། རྒྱལ་ཁབ་ལུས་རྩལ་ཅུའི་འབྲེལ་ཡོད་ཆེད་མཁས་པ་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའི་འབྲེལ་ཡོད་འགན་ཁུར་བས་བོད་རང་སྐྱོང་ལྗོངས་མཐོ་སྒང་ལུས་རྩལ་ཚན་ཞིབ་བྱ་བའི་འཕེལ་རྒྱས་ཐད་བགྲོ་གླེང་མཛད་པ་དང་། རྒྱུས་ལོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི6700བཏང་ནས་ཉང་ཁྲི་ས་ཁུལ་དུ་མཐོ་སྒང་གི་སྦྱོང་བརྡར་གནས་གཞི་འཛུགས་རྒྱུ་རེད།
མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་ཉང་ཁྲི་ས་ཁུལ་དུ་མཐོ་སྒང་གི་ལུས་རྩལ་སྦྱོང་བརྡར་གནས་གཞི་འཛུགས་གྲབས་ཡོད་ཅིང་། གནས་གཞིའི་སའི་རྒྱ་ཁྱོན་ལ་མུའུ45དང་། ད་སྔ་མ་དངུལ་སྒོར་ཁྲི6700དངོས་འབེབ་བྱུང་ལ། བོད་རང་སྐྱོང་ལྗོངས་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་གི་འགོ་གཙོ་རྡོ་རྗེ་སྐྱབས་ཀྱིས་བཤད་རྒྱུར། གནས་གཞི་འདིར་སླེ་གྲུག་ཁང་སོགས་ཕྱོགས་བསྡུས་ཁང་དང་། བྲག་འཛེག་གནས་གཞི། མདའ་རྩེད་ར་བ། འཇུ་རེས་ཁང་། ཆུར་རྐྱལ་ཁང་སོགས་འདུས། རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ལུས་རྩལ་པ་རྣམས་འདིར་སྦྱོང་བརྡར་བྱེད་པ་ལས་གཞན་ད་དུང་ནང་ལོག་གི་ཕུལ་བྱུང་ལུས་རྩལ་པའང་འདིར་ཡོང་སྟེ་སྦྱོང་བརྡར་བྱེད་སྲིད།