བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི10ལྷག་སྡོད་ཁང་གསར་པའི་ནང་སྤོར་བ།

        2013-11-14

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། 2011ལོར་འགོ་འཛུགས་པའི་བོད་ལྗོངས་ཀྱི་དབུལ་ཕོངས་དུད་ཁྱིམ་ཁྲི2.2ལྷག་ལ་ཁྱབ་པའི་བདེ་སྡོད་ལས་གྲྭ་ལས་མཇུག་བསྒྲིལ་ཏེ་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཁྲི10ལྷག་སྡོད་ཁང་གསར་པའི་ནང་དུ་སྤོ་བ་རེད། 
    བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཨུ་ཧྲུའུ་ཅི་ཆོས་ཉི་གཡང་འཕེལ་གྱིས་ངོ་སྤྲོད་བྱས་པར་ལྟར་ན། དབུལ་ཕོངས་དུད་ཁྱིམ་གྱི་བདེ་སྡོད་ལས་གྲྭ་དེར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར5.5བཏང་ཡོད་ཅིང་། དེ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་བོད་ལྗོངས་ཀྱི་དམངས་འཚོ་དབུལ་སྐྱོར་ལས་གྲྭ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་པ་རེད།བོད་ལྗོངས་ཀྱི་ས་ཁོངས་རྒྱ་ཆེ་བ་དང་ས་ངོས་ཆགས་ཚུལ་གྱི་རྣམ་པ་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་དང་བསྟུན་ནས་བོད་ལྗོངས་ས་གནས་ཁག་གིས་ས་གནས་དེ་གར་བདེ་བཀོད་དང་། འབྲོག་པར་གཞིས་ཆགས་བཅུག་པ། གཅིག་བསྡུས་བདེ་བཀོད། ས་གནས་གཞན་ལ་སྤོ་བ། མཉམ་བསྲེས་བདེ་སྡོད་སོགས་ཀྱི་རྣམ་པ་སྤྱད་ནས་དབུལ་ཕོངས་མང་ཚོགས་མི་རེའི་ཆ་སྙོམས་སྡོད་ཁང་གི་གཞི་ཁྱོན་འཕར་སྣོན་བྱས་ཤིང་། སྡོད་གནས་ཀྱི་ཁོར་ཡུག་བཙོག་པ་དང་ཟང་ཟིང་། ཞན་པ། མི་ཕྱུགས་མཉམ་སྡོད་ཀྱི་རྣམ་པ་སོགས་བསྒྱུར་ལ། དབུལ་ཕོངས་ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་སྤུས་ཀ་མཐོར་འདེགས་བྱས་པ་རེད།
    བོད་ལྗོངས་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་གཅིག་གི་དབུལ་ཕོངས་ཁུལ་ཉག་གཅིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་དང་བོད་ལྗོངས་ས་གནས་སྲིད་གཞུང་གིས་མུ་མཐུད་ནས་དབུལ་སྐྱོར་གྱི་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་བ། དེའི་ནང་དམངས་འཚོ་དབུལ་སྐྱོར་ལས་གྲྭ་ཆེན་པོ་བརྒྱད་ལ་མ་དངུལ་སྒོར་དུང་ཕྱུར40ལས་བརྒལ་བ་བཀོད་སྒྲིག་བྱས་ཡོད། དབུལ་ཕོངས་དུད་ཚང་གི་བདེ་སྡོད་ལས་གྲྭ་ཕུད་ད་དུང་གྲོང་རྡལ་ཧྲིལ་པོར་སྐུལ་འདེད་གཏོང་བ། དུད་ཚང་དུ་སོང་སྟེ་རོགས་སྐྱོར། ཐོན་ལས་གསར་སྦོལ། གྲུམ་བུའི་ཚིགས་ཆེན་ནད་ཡོད་སར་བཅོས་སྐྱོང་ཟབ་མོ་བྱེད་པ། སྐྱེ་ཁམས་སྤོས་བསྒྱུར། འབྲེང་ཟམ་བསྒྱུར་བ། གསོ་སྐྱོང་ལས་ཞུགས་སོགས་ཀྱི་རྣམ་གྲངས་འདུས་པ་རེད།
  • ལེ་ཚན་སྔོན་མ།:ཀན་སུའུ་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་སློབ་གསོ་མཆོང་བརྒལ་འཕེལ་རྒྱས་ལ་རོགས་སྐྱོར་བྱ
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ལུས་རྩལ་བགྲོ་གླེང་ཚོགས་འདུ་ལྷ་སར་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།