བོད་ཀྱི་དྲ་བ། 2013-11-06
སྤྱི་ཟླ11པའི་ཚེས3ཉིན། 2013ལོའི་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུ་དེ་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་ཤིང་། མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ལགས་ཀྱིས་བསྟན་དོན། ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དེ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་འཕེལ་རྒྱས་ལ་འབྲེལ་བ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་འཕེལ་རིམ་ལ་འབྲེལ་བས། ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་གྱི་དོན་སྙིང་གལ་པོ་ཆེ་རྟོགས་དགོས་ཤིང་། བོད་བརྒྱུད་ནང་བསྟན་ཁྲོད་ཆོས་དོན་དགོངས་འགྲེལ་ལས་དོན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།
ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུའི་སྟེང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་འཆམ་མཐུན་མཉམ་གནས་དང་གོང་སྤེལ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལེགས་པོ་ཇི་ལྟར་འཛིན་སྤེལ་བྱེད་པ། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་ཇི་ལྟར་རྐང་བཙུགས་ནས་བོད་བརྒྱུད་ནང་བསྟན་དགོངས་དོན་གྱི་ཡར་ཐོན་བསམ་བློ་དར་སྤེལ་དུ་གཏོང་བ་སོགས་ནས་གྲོས་ཞིབ་རྒྱ་ཆེར་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10