མེ་ལྕེས་བརྩམས་པའི《རང་གྲོལ་ཉེ་མཇལ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

    མཚོ་སྔོན་པོ་དྲ་བ།    2013-11-06

ཉེ་ཆར། རྩོམ་པ་པོ་མེ་ལྕེ་ལགས་ཀྱིས་བརྩམས་པའི་དེབ་གསར《རང་གྲོལ་ཉེ་མཇལ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང།  དེབ་འདི་ནི་མེ་ལྕེ་ལགས་ཀྱིས2010ལོར《དགེ་ཆོས་རྒྱང་མཇལ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་རྗེས་སུ་ཉེ་དེང་གི་བོད་ཀྱི་མཁས་པར་ཞིབ་འཇུག་བྱེད་པའི་དེབ་གཉིས་པ་ཡིན་པ་རེད།
  ཉེ་བའི་ལོ་ནང་མེ་ལྕེ་ལགས་ཀྱིས《བློ་འབྱེད་ཀློག་དེབ་དཔེ་ཚོགས》དང《བླ་དཔེ་ཚོགས》། 《དགེ་ཆོས་ཞིབ་འཇུག》 《ན་གཞོན་རབ་བྱེད》། 《བྱིས་པའི་རབ་བྱེད》། 《མི་གཞིའི་སྙིང་སྟོབས》། 《ཚེར་མའི་ལམ་གྱི་ང་རོ》། 《རང་གྲོལ་ཉེ་མཇལ》སོགས་བརྩམས་དེབ་དང་སྒྲིག་དེབ། གཙོ་སྒྲིག་གནང་བའི་བརྩམས་ཆོས་བཅུ་གྲངས་ཤིག་ཡོད་ཅིང་། ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ཀྱི་ས་གདན་བཟོ་ལེགས་སྒྱུ་རྩལ་འགྲེམ་སྟོན་དེ་པེ་ཅིང་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:2013ལོའི་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།