ཚེ་རིང་ཐར་ལགས་ལ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་བྱ་དགའ་ཐོབ།

    མཚོ་སྔོན་པོ་དྲ་བ།    2015-01-07

ཚེ་རིང་ཐར་ལགས་ལ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་བྱ་དགའ་ཐོབ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་གྲོང་ཁྱེར་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྐབས་བཅུ་གསུམ་པའི་ཕུལ་བྱུང་དཔྱད་འབྲས་དཔྱད་འདེམས་དངོས་སུ་གསལ་བསྒྲགས་གནང་སྟེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱི«བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ»ཞེས་པར་བྱ་དགའ་ཨང་དང་པོ་ཐོབ། རེབ་འདིའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཉིས་བརྒྱ་དང་དྲུག་ལ་བྱ་དགའ་ཐོབ་ཅིང་། དེའི་ནང་ཁྱད་འཕགས་བྱ་དགའ་བཞི་དང་། བྱ་དགའ་ཨང་དང་པོ་ཞེ་གཅིག  བྱ་དགའ་ཨང་གཉིས་པ་བརྒྱ་དང་རེ་གཅིག་བཅས་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་གོ་སྣེ་ཁྲིད་དེ་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་གྱི་སྐྱོད་རིམ་ཐོག་གོམ་སྟབས་ཆེན་པོས་མཐུན་དུ་སྐྱོད།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱིས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་བོད་སྨན་ཁང་ཞིག་འཛུགས་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།