ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

གཡང་འབུམ་རྒྱལ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-06-21

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་དངུལ་ལོར་གྱིས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་རྣམ་པ་བསྒྱུར་བའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད་སྲིད་འཛིན་ཞིབ་བཤེར་མཆན་བཀོད་སོགས་དོན་དག་སྐོར་ཞིག་ཡང་བསྐྱར་མེད་པར་གཏོང་རྒྱུའི་ཐག་གཅོད་བྱས།

གྲོས་ཚོགས་ནས་བསྟན་དོན། དངུལ་ལོར་དང་དངོས་ཕུང་དཔལ་འབྱོར་ནི་འབྲལ་ཐབས་མེད་པ་ཞིག་སྟེ། འཕར་སྣོན་བརྟན་འཇགས་ཡོང་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། རྣམ་པ་བསྒྱུར་བར་ཡར་སྐུལ་བྱེད་པ། དམངས་འཚོར་ཕན་པ་བཅས་ཀྱི་ཐད་ལ་དངུལ་ལོར་གྱིས་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ད་ལྟ་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱིའི་རྣམ་པ་བརྟན་འཇགས་ཡིན་ནའང་མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ཀྱི་འོག་ཏུ་བརྟན་འཇགས་ཀྱི་ཁྲོད་དུ་འཕར་སྣོན་བརྩོན་ལེན་བྱེད་པ་དང་བརྟན་འཇགས་ཀྱི་ཁྲོད་དུ་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ཀྱི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་པ་དང་མཉམ་དུ་རིམ་པ་བཞིན་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ་དང་དངུལ་ལོར་གྱི་ཐོན་ཁུངས་ལེགས་སྒྲིག་བྱས་ནས་དངོས་ཕུང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཞབས་ཞུ་སྔར་ལས་བཟང་བོ་བསྒྲུབ་དགོས་པ་དང་། སྔར་ལས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ནང་མཁོ་རྒྱ་བསྐྱེད་པར་ཡར་སྐུལ་བྱས་ནས་གཟབ་ནན་གྱིས་དངུལ་ལོར་གྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་བཟང་བོ་བྱེད་དགོས།
གྲོས་ཚོགས་ནས་ཞིབ་འཇུག་བྱས་ཏེ་གཤམ་གྱི་བྱེད་ཐབས་དག་གཏན་ལ་ཕབ་པ་སྟེ། གཅིག་ནི་ཡིད་རྟོན་དངུལ་བུན་གྱིས་དངོས་ཕུང་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་པ། གཉིས་ནི་ཞིང་གསུམ་དང་ཁེ་ལས་ཆེས་ཆུང་བ་སོགས་ཐད་ཀྱི་ཡིད་རྟོན་དངུལ་བུན་དམིགས་སུ་འཛིན་དགོས་པ། གསུམ་ནི་ཁེ་ལས་ཕྱིར་འགྲོ་བར་རྒྱབ་སྐྱོར་བྱེད་པ། བཞི་ནི་འཛད་སྤྱོད་འཕར་སྣོན་འབྱུང་བར་རོགས་སྐྱོར་དང་ཡར་སྐུལ་བྱེད་པ། ལྔ་ནི་རིམ་པ་མང་པོའི་མ་རྩའི་ཚོང་ར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། དྲུག་ནི་ཉེན་སེལ་གྱི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་པ། བདུན་ནི་དམངས་ཁྲོད་ཀྱི་མ་རྩ་དངུལ་ལོར་ཁྲོད་འདྲེས་པར་སྐུལ་འདེད་བྱེད་པ། བརྒྱད་ནི་གཟབ་ནན་སྒོས་ཉེན་ཁ་སྔོན་འགོག་བྱེད་དགོས་པ་བཅས་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས
  • དོ་སྣང་ཆེ་བའི་རྩོམ།