ཟླ12པའི་ཚེས25ཉིན་ཁྲུང་ཁྲུང་མགོ་ཁྲའི་བྱ་ཚོགས་ལྷ་སྒང་མྱུར་བསྐྱོད་གཞུང་ལམ་འགྲམ་གྱི་ཞིང་ཁ་རུ་གང་འདོད་དུ་རྩེད་འཇོ་བྱེད་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་མཐོང་ཆེན་གནང་ནས། ཁོར་ཡུག་སྲུང་སྐྱོང་བྱ་བའི་ཐད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བ་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་བས། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་རེད། །