མཚོ་སྔོན་གྱིས“མཛེས་སྡུག་ཤང་སྡེ”300འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-01-04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2014ལོར་མཚོ་སྔོན་ཞིང་ཆེན་གྱིས“མཛེས་སྡུག་ཤང་སྡེ”300འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི“མཛེས་སྡུག་གྲོང་རྡལ”16འཛུགས་སྐྲུན་བྱེད་པར་བདེ་བླག་ངང་སྐུལ་འདེད་བཏང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྡེ་བ་སྟོང་ལྷག་གི་ཁོར་ཡུག་དང་རྣམ་པར་ལེགས་བཅོས་བྱུང་ཡོད་ལ། “མཛེས་སྡུག་གྲོང་རྡལ”དང“མཛེས་སྡུག་ཤང་གྲོང”གིས་སྣེ་ཁྲིད་དེ་མཚོ་སྔོན་གྱི་གྲོང་རྡལ་ཅན་གཅིག་གྱུར་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད།
2014ལོར། ཞིང་སྡེ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་དང་། ཤང་གྲོང་གཅིག་གྱུར་ཅན་དུ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་ནས་འགོ་བརྩམས་ཏེ། མཚོ་སྔོན་གྱིས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་བྱས། ལོ་རེར་གཙོ་གནད་སྡེ་བ300འཛུགས་སྐྲུན་བྱེད་པར་གཏན་འཁེལ་བྱས་ནས་ཤུགས་ཆེན་པོས་སྡེ་བ་འཛུགས་སྐྲུན་བཟོ་འགོད་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད། ས་ཞིང་ལེགས་བཅོས་བཟོ་འགོད། ལས་དར་དམངས་ཕྱུག་བཟོ་འགོད། དོ་དམ་གསར་སྐྲུན་བཟོ་འགོད་སོགས་ཀྱི་བཟོ་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་དངོས་གནས་ལེགས་བཅོས་བྱེད་རྒྱུ་རེད།
2014ལོར། མཚོ་སྔོན་གྱིས་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར16.41བཏང་བ་དང་། ཞིང་ཆེན་ཡོངས་སུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་མཉམ་འཛུགས་ལས་ཁུངས639བཀོད་སྒྲིག་བྱས་ཏེ། ས་ཁུལ་སོ་སོའི་དངོས་ཡོད་གནས་ཚུལ་འབྲེལ་ནས་ཡང་བསྐྱར་མཉམ་འཛུགས་ལས་ཁུངས318བཀོད་སྒྲིག་བྱས་པ་དང་། མཉམ་འཛུགས་ལས་ཁུངས་མང་ཆེ་བ་དང་རོགས་སྐྱོར་བྱེད་ཡུལ་སྡེ་བས་མཉམ་འཛུགས་གྲོས་མཐུན་བཞག་སྟེ། མ་དངུལ་སྒོར་དུང་ཕྱུར1.36དངོས་འབེབས་བྱས་ཡོད།
མིག་སྔར། མཚོ་སྔོན་གྱིས2014ལོར་གཏན་འཁེལ་བྱས་པའི“མཛེས་སྡུག་ཤང་སྡེ”300འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ལ། སྡོད་ཁང་འཛུགས་སྐྲུན་དང་གཞུང་ལམ་སྲ་བསྒྱུར། གློག་དྲ་རིམ་སྤར་བཅོས་སྒྱུར། མིའི་འཐུང་ཆུ། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། རིག་གནས་ཐང་ཆེན་དང་སྡེ་བ་གསལ་བསྒྱུར་དང་ལྗང་བསྒྱུར་སོགས་ཀྱི་བཟོ་འགོད་ཚང་མ་ལེགས་འགྲུབ་བྱས་ལ། རོང་འབྲོག་པའི་སྡོད་ཁང་བདེ་འཇགས་དང་འཐུང་ཆུ་བདེ་འཇགས། འགྲིམ་འགྲུལ་སོགས་ཀྱི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལ་མངོན་གསལ་གྱིས་ལེགས་བཅོས་བྱུང་ནས་སྡེ་བའི་འཚོ་སྡོད་ཁོར་ཡུག་གཙང་ཞིང་སྟབས་བདེ་བ། བདེ་སྐྱིད་ལྡན་པ་བཅས་མངོན་འགྱུར་བྱས་ཡོད།  །
 
  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་ཁྲེང་ཏུའུ་རུ་ཞིང་ཆེན་རིམ་པའི་བོད་སྨན་ཁང་ཞིག་འཛུགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱ་བར་ཕན་འབྲས་མངོན་གསལ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།