ལྷོ་པའི་དམངས་སྲོལ་འགྲེམ་སྟོན་དེ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་སྤེལ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ    2013-05-20

ཟླ5པའི་ཚེས17ཉིན། 5﹒18རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོ་ལ་བསུ་ཆེད། ལྷོ་པའི་དམངས་སྲོལ་འགྲེམ་སྟོན་དེ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་སྤེལ་པ་རེད། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་རིག་གཞུང་གྲོས་མོལ་དང་། ལྷོ་པའི་དམངས་སྲོལ་འགྲེམ་སྟོན། དྲིལ་སྒྲོག་རྒྱུ་ཆ་བཀྲམ་པ་སོགས་ཀྱི་རྣམ་པ་མང་བོ་བརྒྱུད་ནས་རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་པར་མཚོན་པ་རེད། 
  བྱ་འགུལ་སྟེང་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་ལྷོ་པའི་འཁལ་འཐག་རྒྱུན་འཛིན་པ་གདན་འདྲེན་ཞུས་ནས་ཡུལ་དངོས་སུ་ལག་ཤེས་སྒྱུ་རྩལ་བསྟན་པ་དང་། དེར་མ་ཟད་མདའ་འཕེན་གྱི་བྱ་འགུལ་སོགས་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་ཟླ5པའི་ཚེས23ཉིན་བར་དུ་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཁྲི་ཀ་བཅའ་སྡོད་སློབ་གྲྭར་སྲོལ་རྒྱུན་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:ཧུའུ་ནན་གྱི་སྐབས་དང་པོའི་བོད་ལྗོངས་ཀྱི་བྱིས་པའི་དགེ་རྒན་འཛིན་གྲྭའི་སློབ་མ་རྣམས་མཐར་ཕྱིན།
  • དོ་སྣང་ཆེ་བའི་རྩོམ།