ཝང་ཡང་གིས་ཞིང་ལས་པུའུ་ལ་རྟོག་ཞིབ་གནང་བ།

        2013-04-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཞིང་ལས་པུའུ་རུ་རྟོག་ཞིབ་གནང་བ་དང་ལས་བྱེད་ལས་བཟོ་པར་འཚམས་འདྲི་ཞུས་ཡོད་པ་རེད། ཁོང་གིས་ཞིང་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞི་ཡིན་ལ། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་རྨང་གཞི་ཡང་ཡིན་པས་ཞིང་ལས་བརྟན་པོ་བྱུང་ན་གནམ་འོག་བརྟན་པོ་ཡོང་རྒྱུ་རེད། མུ་མཐུད་དེ་ཞིང་གསུམ་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་ལེགས་པོ་དར་སྤེལ་བཏང་ནས་མིག་སྔ་དང་འབྱུང་འགྱུར་གྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

དེའི་རྗེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་པིན་གྱིས་ཞིང་ལས་པུའི་ལས་དོན་གཙོ་གནད་སྙན་ཞུ་གནང་བ་དང་། མིག་སྔའི་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཝང་ཡང་གིས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་ཐད་ལ་ཐོབ་པའི་གྲུབ་འབྲས་ཐད་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། ཞིང་ལས་དེ་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་འབྲེལ་ཡོད་ཅིང་། ཞིང་ལས་སྡེ་ཁག་གི་ལས་བྱེད་ཀྱི་ལས་དོན་བསྒྲུབ་ཚུལ་གང་འདྲ་ཡོད་མིན་དང་། སྤྱོད་ཚུལ་ལེགས་ཉེས། བྱེད་ཐབས་སྲིད་ཇུས་གཏན་འབེབས་གང་འདྲ་ཡོད་མིན་བཅས་ཞིང་ལས་གོང་འཕེལ་དང་འབྲེལ་བ་ཡོད་པས་ཚང་མའི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡིན། ཞིང་ལས་པུའི་ལས་བྱེད་ལས་བཟོ་པས་སྲོལ་རྒྱུན་བཟང་པོ་དང་། སྤྱོད་ཚུལ་ལེགས་པོ་དར་འཕེལ་གང་ལེགས་བཏང་སྟེ། ཧུར་བརྩོན་ཆེན་པོས་ཞིང་ལས་དང་གྲོང་གསེབ་ཀྱི་གོང་འཕེལ་ཁྲོད་འཕྲད་པའི་འགྲན་རྩོད་ལ་ཁ་གཏད་བཅག་ཐོག གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་ཀྱིས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་བ་རེད།  །

  • ལེ་ཚན་སྔོན་མ།:ལིག་ཡུན་ཧྲན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ཡིག་ལག་འཁྱེར་ཁ་པར་གསར་འགྱུར་ཚོད་ལྟའི་ངང་སྤེལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།