ཞིང་སྡེའི་གློག་རྡུལ་ཚོང་དོན་དེ་ཧྲན་ཏུང་ཞིང་པའི་དཔལ་འབྱོར་འཕར་ས་གསར་པར་གྱུར།

        2014-12-30

ཉེ་བའི་ལོ་ཤས་རིང་།གློག་རྡུལ་ཚོང་དོན་དང་དྲྭ་ཉོ་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་བསྟུན་ནས་ཧྲན་ཏུང་ཞིང་ཆེན་པིན་ཀྲུའུ་གྲོང་ཁྱེར་ཙོན་ཕིང་རྫོང་གི་ཞིང་པ་དང་སློབ་གྲྭ་ཆེན་མོ་བ་དེ་ལས་མང་པོ་ཞིག་གློག་རྡུལ་ཚོང་དོན་ལས་རིགས་ནང་ཞུགས་བཞིན་ཡོད་པར་བརྟེན།ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་དང་བཟོ་གྲྭ་ཐོན་སྐྱེད་གྱི་ཁྱད་ཆོས་ཐོན་རྫས་མྱུར་སྐྱེལ་སྤྱི་གཉེར་ཁང་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བཙོང་སྟེ། ཁྲང་ཧྲན་དང་ཞི་ཏུང་།ཏེ་ཞི་སོགས་གྲོང་རྡལ་དང་ཁྲོམ་ལམ་གྱིས་འཐུས་ཚབ་བྱེད་པའི་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་ཚོགས་སྤྱི་གྲུབ་པས་མ་ཚད་གློག་རྡུལ་ཚོང་དོན་མནའ་འབྲེལ་དང་མཐུན་ཚོགས་གྲུབ་ཅིང་།གློག་རྡུལ་ཚོང་དོན་གྱི་ལས་ལམ་གསར་འབྱེད་བྱེད་པའི་སྡེ་ཁུལ་གསར་དུ་བསྐྲུན།
མིག་སྔར།རྫོང་དེའི་གློག་རྡུལ་ཚོང་དོན་གྱི་ལས་རིགས་ལ་ཞུགས་པའི་མི་ཁྲི8ལྷག་གི་ནང་བརྒྱ་ཆ80དེ་ཞིང་སྡེ་རུ་ཡོད་ཅིང་།ཞིང་སྡེ་གློག་རྡུལ་ཚོང་དོན་དེ་རིམ་བཞིན་ཙོན་ཕིང་རྫོང་དཔལ་འབྱོར་འཕར་ས་གསར་པར་གྱུར་ལ། ཞིང་སྡེའི་ན་གཞོན་གྱི་ལས་ཞུགས་ཀྱི་བགྲོད་ལམ་གསར་པ་ལའང་འགྱུར་རྒྱུ་རེད། 
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་རྒན་གསོ་ཉེན་འགོག་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏང་རྒྱུ།
  • ལེ་ཚན་རྗེས་མ།:《ཁ་བཏགས་དཀར་པོ།》བོད་ཡིག་དུས་དེབ་དངོས་སུ་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།