ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-03-14
ཧན་ཝེ་ཡིས་དོན་དངོས་ཐོག་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཙམ་མ་ཟད། མི་རིགས་ས་ཁུལ་གྱི་གཞི་རིམ་ཁྲིམས་ཁང་གིས་ལས་དོན་སྒྲུབ་པའི་ཁྲོད་དཀའ་ངལ་མི་ཉུང་བ་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་སྟེ། དཔེར་ན། སྐད་ཡིག་གཉིས་ཤེས་མཁན་ཁྲིམས་དཔོན་གསོ་སྐྱོང་བྱེད་དགོས་པ་དང་། ཁྲིམས་རའི་ཐོག་གྲངས་ཉུང་མི་རིགས་མང་ཚོགས་ལ་ཡིག་སྒྱུར་མཁོ་འདོན་བྱེད་དགོས་པ་སོགས་ཀྱི་གནས་ཚུལ་ཡོད་ཅེས་གསུངས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཤི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལའོ་ཧོང་ཅང་གིས་ཤི་ཧྲོང་པན་ནར་སྐད་ཡིག་གཉིས་ཤེས་མཁན་ཁྲིམས་དཔོན་འདང་གི་མེད་པ་དང་། གསོ་སྐྱོང་བྱ་རྒྱུར་དཀའ་ངལ་ཆེན་པོ་ཡོད། ན་ནིང་ང་ཚོས་གཙོ་གནད་ཐོག་མི་བཅུ་གྲངས་གསོ་སྐྱོང་བྱས་ཡོད། འོན་ཀྱང་མཐའ་མཇུག་ཏུ་ཁྲིམས་འཛིན་ཡིག་རྒྱུགས་ལོན་མཁན་མི་གཉིས་ལས་བྱུང་མེད་ཅེས་གསུངས་པ་རེད། འཐུས་མི་ཀའོ་ཡན་གྱིས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་དཔོན་ལ་བཟང་ཆ་ཆེན་པོ་ལྡན་ཡོད། ཁོང་ཚོས་མི་རིགས་ཀྱི་སྐད་ཡིག་ཤེས་པ་མ་ཟད། མི་རིགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པས། གྲངས་ཉུང་མི་རིགས་ཀྱི་ཁྲིམས་འཛིན་ཡིག་རྒྱུགས་ཚད་གཞི་དམའ་རུ་གཏོང་རྒྱུར་བསམ་གཞིགས་བྱེད་དགོས་མིན་ཐད་ཧན་ཝེ་ཡིས་འཐུས་མི་ཚོའི་བསམ་འཆར་དང་གྲོས་འགོ་ནི་ལུགས་དང་མཐུན་པ་ཞིག་ཡིན། དོན་དངོས་ཐོག་ད་ཆ་སྐད་ཡིག་གཉིས་ཤེས་མཁན་ཁྲིམས་དཔོན་མི་འདང་བའི་ས་ཆ་ནི་མི་འབོར་ཅུང་ཉུང་བའི་མི་རིགས་ཁུལ་དུ་ཡིན་པས། ཕྱིན་ཆད་ཀྱི་གསོ་སྐྱོང་ལས་དོན་ཐད་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གཉེར་རྒྱུར་བསམ་གཞིག་བྱེད་ཆོག་ཅེས་གསུངས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10