ཞི་ཅིན་ཕེན་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།

        2013-03-13

ཞི་ཅིན་ཕེན་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།
པར་འདི་ནི་གྲོས་ཚོགས་གྲོལ་རྗེས། ཞི་ཅིན་ཕེན་སོགས་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པས་གཞི་རིམ་ནས་ཡོང་བའི་དམག་དཔུང་གི་དམངས་ཆེན་འཐུས་མི་ཁ་ཤས་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་གླེང་མོལ་མཛད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ནས་འཐུས་མི་ཁ་ཤས་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། དམག་དཔུང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་ཞིང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་ཏུ་བཟུང་སྟེ་ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་ཏུ་འགྱུར་བའི་དམིགས་འབེན་གསལ་བོར་ཤེས་པར་བྱེད་པ་དང་། དམག་དཔུང་གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཏང་གི་བཀོད་འདོམས་ལ་ཉན་ཞིང་དམག་འཁྲུག་ལས་རྣམ་པར་རྒྱལ་ཕོད་པ་དང་། སྤྱོད་ཚུལ་ལེགས་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

  གྲོས་ཚོགས་གྲོལ་རྗེས། ཞི་ཅིན་ཕེན་སོགས་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པས་གཞི་རིམ་ནས་ཡོང་བའི་དམག་དཔུང་གི་དམངས་ཆེན་འཐུས་མི་ཁ་ཤས་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་གླེང་མོལ་མཛད།  །


 

  • ལེ་ཚན་སྔོན་མ།:ཡུས་ཀྲེང་ཧྲེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།
  • ལེ་ཚན་རྗེས་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁ་གསབ་ལམ་ལུགས་ལག་བསྟར་བྱས་པ་ལས་བོད་ཁུལ་གྱི་སློབ་མ་ཁྲི24ཡི་སློབ་ཡོན་སྲིད་གཞ
  • དོ་སྣང་ཆེ་བའི་རྩོམ།