ཞིན་ཧྭ་གསར་འགྱུར་དྲ་བ། 2013-02-26
ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད་དེ་བཅིངས་འགྲོལ་དམག་སྤྱི་ཁྱབ་ཚན་མུའུ་པུའུ་དང་། སྤྱིའི་ཆབ་སྲིད་པུའུ། སྤྱིའི་མཁོ་སྒྲུབ་པུའུ། སྤྱིའི་སྒྲིག་ཆས་པུའུ་བཅས་ཀྱིས་ཉེ་ལམ་མཉམ་འབྲེལ་གྱིས«གྲོན་ཆུང་བྱེད་ཅི་ཐུབ་དང་འགྲོ་གྲོན་དོ་དམ་ནན་མོ་བྱེད་པའི་གཏན་ཁེལ»ཞེས་པ་དཔར་ཏེ་བཀྲམས། «གཏན་ཁེལ»དེ་ལས་དམག་འཁྲུག་ནུས་ཤུགས་ཀྱི་ཚད་གཞི་ལྟར་སྒོར་མོ་བཀོལ་ཏེ་དོན་དག་བསྒྲུབ་པ་དང་། འགྲོ་གྲོན་བགོ་བཤའ་དང་ཞིབ་བཤེར་ཆོག་མཆན་འགོད་པ་ནན་བསྒྲུབ་དང་། ཉེར་མཁོའི་གཞི་རྩའི་དངུལ་གཏོང་མ་ཡིན་པར་ཚོད་འཛིན། གཅིག་བསྡུས་ཉོ་བསྡུ་དང་གཅིག་བསྡུས་འགྲོ་སོང་ཚད་ལྡན་དུ་གཏོང་བ། གྲོས་ཚོགས་དང་གཞུང་དོན་སྣེ་ལེན་ཕྱོགས་ཀྱི་འགྲོ་གྲོན་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་པ་སོགས་བྱེ་བྲག་གི་གཏན་ཁེལ་དང་རེ་བ་བཅུ་བདུན་གསལ་བོར་གཏན་ལ་ཕབ་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10