ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། 2012-12-28
འདི་ནི་ཉེ་དུས་ལྗོངས་བོད་སྨན་བཟོ་གྲྭའི་ཐུམ་རྒྱག་འཁོར་ཁང་གི་བཟོ་པ་ཚོས་རྩ་ཆེན་བོད་སྨན་ཐུམ་རྒྱག་པའི་གནས་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭས་བོད་སྨན་འདུལ་བཟོའི་ལག་རྩལ་ཐད་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་ནུས་ལྡན་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད། རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ་པར་སྐྲུན་བྱས་པ་དང་ཆབས་ཅིག་བོད་སྨན་གྱི་སྨན་ཐུམ་གསར་པ་མང་པོ་ཞིག་བཟོ་དང་གསར་སྤེལ་བྱས་པའི་ནང“མུ་ཏིག་བདུན་ཅུ”སོགས་བོད་སྨན་ཁག་ཅིག་ལ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་སྤྲད་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལག་ཁྱེར་ཐོབ་ཡོད་པ་མ་ཟད། རིག་གནས་སྡེ་ཚན་གྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་ཁག་དང་པོའི་མིང་ཡང་བཏགས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10