ལྷ་ས་གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ཏང་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2013-12-27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་སྒོ་བྱང་བཀལ་ནས་དབུ་བརྙེས་པ་དང་དེ་ལས་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་སྒྲིག་འཛུགས་ཀྱི་ཏང་འཛུགས་ལས་དོན་དེ་དུས་མཚམས་གསར་པ་ཞིག་ལ་སླེབས་པ་མཚོན་ཐུབ།

ལྷ་ས་གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ཏང་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་དེ་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུའུ་ནང་ཡོད་པ་དང་ལྷ་ས་གྲོང་ཁྱེར་རྩ་འཛུགས་པུའུ་ཡི་མཛུབ་སྟོན་འོག་ལས་དོན་སྤེལ་བཞིན་ཡོད་པ་རེད། མིག་སྔར། ལྷ་ས་གྲོང་ཁྱེར་དུ་ཐོ་འགོད་བྱས་པའི་སྤྱི་ཚོགས་ཀྱི་ཚོགས་པ36དང་ཁེ་ལས་མིན་པའི་དམངས་གཉེར་ཚན་པ7ཡོད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཆེད་ལས་ལས་དོན་མི་སྣ116དང་སྡེ་ཁུལ་སོ་སོར་ཡོད་པའི་ཚོགས་མིའི་སྡེ་ཚན་བསྡོམས་པས་མི8721ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་དགོན་སྡེ་སྟོང་ཕྲག་ལྷག་ལ་ཆུ་དང་གློག་འཐེན་པ་དང་ལམ་ལས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།