སྐལ་བཟང་བདེ་སྐྱིད། 2012-11-07
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཅ་ཆིན་ལིན་དང་། ཞི་ཅིན་ཕིན། ལི་ཁེ་ཆང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཧུའུ་ཅིན་ཐའོ་ཡིས་སྔོན་ལ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུར་བསམ་འཆར་བསྡུ་ལེན་ཡིག་ཆ་གྲུབ་པའི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད་པ་མ་ཟད། སྙན་ཞུའི་ནང་དོན་གཙོ་བོའི་ཐད་གསལ་བཤད་གནང་ཡོད་པ་རེད། ཁོང་གིས་ཏང་ཕྱིའི་མི་སྣས་གང་བསམ་ལྷུག་བརྗོད་དང་། རང་གི་ལྟ་བ་མ་གསང་དྲང་པོར་བརྗོད་ནས། ཀྲུང་གུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱེད་པའི་ཐད་དགོངས་འཆར་བཏོན་རྒྱུའི་རེ་བ་གནང་ཡོད་པ་རེད།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲོའུ་ཐེ་ནུང་དང་། ཀྲུང་གོ་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཧྲུའུ་ཧྲིན། ཀྲུང་གོ་དམངས་གཙོ་རྒྱལ་བཙུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲི ཀྲུང་གོ་དམངས་གཙོ་སྐུལ་འདེད་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅུན་ཆི། ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་སང་གོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏེ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཧོང་མོང་ཧྥུ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ཁྲེན་ཀྲུའུ་བཅས་ཀྱིས་སྔ་ཕྱིར་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཡོད་པ་རེད།
ཚང་མའི་གཏམ་བཤད་གསན་མཇུག་གྲུབ་རྗེས། ཧུའུ་ཅིན་ཐའོ་ཡིས་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས་བློ་མཐུན་རྣམས་ནས་ཤེས་ཚད་བཤད་དགོས་པ་དང་། བཤད་རྒྱུར་ཚད་ཡོད་པའི་སྙིང་སྟོབས་ཐོག་ནས། བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་ཅིང་། སྙན་ཞུར་བཟོ་བཅོས་རྒྱག་རྒྱུར་རོགས་རམ་ཆེན་པོ་བྱུང་ཡོད་ཅེས་གསུངས་འདུག ཧུའུ་ཅིན་ཐའོ་ཡིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད་སྙན་ཞུའི་འཆར་ཟིན་ཚོགས་པས་ཚང་མས་བཏོན་པའི་དགོངས་འཆར་ལ་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཧུའུ་ཅིན་ཐའོ་ཡིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་རྒྱུ་ནི་རང་རེའི་ཏང་གིས་དུས་རབས་འདིའི་དུས་མགོའི་ལོ་ཉི་ཤུའི་ནང་གི་རང་རྒྱལ་གོང་འཕེལ་གྱི་གལ་ཆེའི་འཐབ་ཇུས་གོ་སྐབས་ནང་བཏོན་པའི་བརྗིད་ཆེའི་དམིགས་འབེན་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། མདོར་ན། རང་རྒྱལ་གྱིས་ལོ་ཉི་ཤུ་འདིའི་ནང་སྒྲུབ་ཟིན་པ་དང་བསྒྲུབ་རྒྱུའི་ལས་དོན་མཐའ་དག་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་ཆེད་ཡིན། ལོ་བཅུའི་ནང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་རྒྱུའི་དམིགས་འབེན་ལེགས་གྲུབ་ཆེད་མཐུན་སྒྲིལ་འབད་འཐབ་དང་། ཡར་རྒྱས་བརྩོན་ལེན་གྱིས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བས། གལ་ཆེའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། མ་འོངས་པའི་ལོ་ལྔ་ནི་ང་ཚོས་ཐོབ་ཟིན་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་སྤྱི་ལོ་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུའི་དམིགས་འབེན་སྒྲུབ་རྒྱུའི་ཐད་ནས་བཤད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད་ཅེས་བསྟན་འདུག
ཧུའུ་ཅིན་ཐའོ་ཡིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་བསྐྲུན་བྱ་རྒྱུ་ནི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་འབེན་དང་ཐུན་མོང་གི་བྱ་གཞག་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་དང་། དམངས་གཙོ་ཏང་ཤོག་ཁག བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱ་དགོས། རེ་བར་བློ་མཐུན་རྣམས་ནས་རྒྱལ་ཁབ་ཕྱི་ནང་གི་གོང་འཕེལ་གྱི་གནས་བབ་ཆེན་མོར་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་ཟབ་ཏུ་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་རྒྱུ་དང་བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དམིགས་འབེན་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱིའི་བཀོད་སྒྲིག་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་འདུག
ལིའུ་ཡུན་ཧྲན་དང་། ལིན་ཅི་ཧྭ། ཝང་ཧུའུ་ཉིང་། ཏུའུ་ཆིང་ལིན། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10