བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་བའི་ཡོང་སྒོ་འཕར་སྣོན་བྱུང་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-10-31

བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་བའི་ཡོང་སྒོ་འཕར་སྣོན་བྱུང་བ།
རྒྱལ་ཐང་གྲོང་རྡལ་ནགས་ལས་ཁང་གི་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་རྣམ་གྲངས། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་གི་ཁ་གསབ་རོགས་སྐྱོར་ཚོད་ལྟའི་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་།  གྲུབ་འབྲས་ཆེན་པོ་ཐོབ་པ་དང་རྣམ་གྲངས་འདི་ཞིང་བ་མང་ཚོགས་འབྱོར་ཕྱུག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་གྱུར་ཡོད། 

མིག་སྔར།  རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་གི་ཁ་གསབ་རོགས་སྐྱོར་ཚོད་ལྟའི་རྣམ་གྲངས་བདེ་ཆེན་ཁུལ་དུ་སྤེལ་ནས་ལོ་ངོ་གསུམ་འགོར་ཡོད་པ་དང་།  2009ལོར་ས་མུའུ་ཁྲི2དང་།  2010ལོར་ས་མུའུ་ཁྲི4།  2011ལོར་ས་མུའུ་ཁྲི10་བཅས་བསྡོམས་པས་ནགས་ཚལ་ས་མུའུ་ཁྲི16གསོ་སྐྱོང་བྱས། 

བསྡོམས་རྩིས་བྱས་པ་ལྟར་ན། ཞིང་བ་མང་ཚོགས་རྣམས་ནགས་ཚལ་གསོ་སྐྱོང་རྣམ་གྲངས་ནང་ཞུགས་པ་བརྒྱུད།  ཡོང་སྒོ་སྔར་ལས་ཇེ་མང་དུ་སོང་ཞིང་།  ཨར་ལས་ལ་ཞུགས་པའི་ཞིང་བ་མང་ཚོགས་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར5000ལ་འཕར་ཡོད་པས།  ཞིང་བ་མང་ཚོགས་རྣམས་ནགས་ཚལ་གསོ་སྐྱོང་རྣམ་གྲངས་ལ་ཞུགས་པའི་སྤྲོ་བ་སྔར་ལས་ཇེ་མཐོ་རུ་སོང་།  ། 

  • ལེ་ཚན་སྔོན་མ།:དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་ཆེན་མོའི་སྲུང་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བཟོ་འགོད་ལེགས་འགྲུ
  • ལེ་ཚན་རྗེས་མ།:2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་བ
  • དོ་སྣང་ཆེ་བའི་རྩོམ།