ཀྲུང་གོ་བོད་ཀྱི་དྲ་བ། 2012-10-31
དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་ཆེན་མོའི་སྲུང་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བཟོ་འགོད་ལེགས་འགྲུབ་བྱུང་བ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་ཆེན་མོའི་སྲུང་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བཟོ་འགོད་ཉེ་ལམ་ལེགས་འགྲུབ་བྱུང་བ་དང་། ཟླ10བའི་ཚེས28ཉིན་གྱི་སྔ་དྲོར་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས། རྒྱལ་ཡོངས་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ཨུའམ། ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཆེ་དགྲ་ལྷ། ཡུན་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྐྱིད་ཚེ་བཅས་ཀྱིས་རྟེན་འབྲེལ་ཞུ་ཡིག་བསྐུར་བ་དང་། ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་ཡུས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིན་ལིང་། དགའ་ལྡན་སུམ་རྩེན་གླིང་དགོན་པའི་དགོན་བདག་བླ་མ་སོགས་ཀྱིས་འདུ་ཁང་ཆེན་མོ་ལེགས་འགྲུབ་བྱུང་བར་སྒོ་ཡོལ་འབྱེད་པ་རེད།
དགའ་ལྡན་སུམ་རྩེན་གླིང་དགོན་པ་ནི་སེམས་ཀྱི་ཉི་ཟླ་རྫོང་དང་སྤྱི་ལེ5ཡོད་པའི་ས་ཆ་ནས་ཆགས་ཡོད་པ་དང་། ཡུན་ནན་ཞིང་ཆེན་ནང་ཁུལ་དུ་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ཤིག་ཡིན་ལ། 1674ལོར་རྒྱལ་དབང་སྐུ་ཕྲེང་ལྔ་བས་ཆིན་གོང་མ་ལ་སྙན་ཞུ་ཕུལ་བ་དང་ཆོག་མཆན་ཐོབ་རྗེས། ཁོང་གིས་དངོས་སུ་ས་ཆ་བདམས་ནས་གསར་བཞེངས་བྱས་པ་མ་ཟད། དགོན་པའི་མིང་ལ་དགའ་ལྡན་སུམ་རྩེན་གླིང་ཞེས་པའི་མཚན་མིང་བཏགས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགོ་ཁྲིད་རྣམ་པས་དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་ཆེན་མོའི་སྲུང་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་འོག 2009ལོའི་ཟླ8པའི་ནང་དངོས་སུ་ལས་འགོ་བརྩམས་པ་དང་། འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་ལོ་ངོ་གསུམ་གྱི་རིང་ལ་དཀའ་སྤྱད་སྡུག་རུས་བྱས་འོག ཉེ་ལམ་ལེགས་འགྲུབ་བྱུང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10