འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བོད་ཀྱི་གློག་བརྙན་གླེང་རྒྱུ་རེད།

གཉན་པོ།        2012-10-23

དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། མི་མང་པོས་སྔོན་ནས་རེ་སྐུལ་བྱུང་བ་ལྟར། ཟླ་༡༠ བའི་ཚེས་ ༢༤ ཉིན་གྱི་དགོང་མོའི་དུས་ཚོད་༦ པ་དང་སྐར་མ་ ༣༠ ནས་དུས་ཚོད་ ༨ དང་སྐར་མ་ ༣༠ བར། ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ནས་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་སློབ་མས་བསྐྲུན་པའི་གློག་བརྙན་དྲག་འདེམས་གྱིས་ངོ་སྤྲོད་གནང་རྒྱུ་དང་། དྲི་བ་དྲི་ལན་གྱི་ལམ་ནས་དེ་དག་གི་སྐོར་ནས་དཔྱད་གླེང་གནང་རྒྱུ་རེད་འདུག
                         རེ་སྐུལ་ཞལ་འདེབས་ཨ་སྒོར་༡༠རེ་ཡིན་འདུག
  • ལེ་ཚན་སྔོན་མ།:འབྲོག་དམངས་ཀྱི་སྡོད་ཁང་གསར་པ།
  • ལེ་ཚན་རྗེས་མ།: སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོངས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།