རང་རྒྱལ་གྱི་འབྲུ་ཐོན་ཞིང་ཆེན་ཧེ་ལུང་ཅང་གིས་འབྲུ་རིགས་འདེབས་རྒྱ་ཡང་མུའུ་དུང་ཕྱུར་གཉིས་ལས་བརྒལ།
མིག་དམར་གྱིས་བསྒྱུར། 2014-06-13
ཞིན་ཧྭ་གསར་འགྱུར་ཁང་ཧ་ཧར་པིན་ནས་ཟླ་བ6པའི་ཚེས3ཉིན་འབྱོར་བའི་གཏམ་གསར།རང་རྒྱལ་གྱི་འབྲུ་ཐོན་ཞིང་ཆེན་ཆེན་པོ་ཨང་དང་པོ་ཧེ་ལུང་ཅང་གིས་ད་ལོའི་དཔྱིད་རྨོད་ཐོན་སྐྱེད་བྱས་ཚར་ཞིང་།ཞིང་ཆེན་ཡོངས་སུ་འབྲུ་རིགས་འདེབས་རྒྱ་མུའུ་དུང་ཕྱུར2.1ཡན་རྒྱུན་འཛིན་བྱས་ཏེ་མུ་མཐུད་ནས་བསྟུད་མར་ལོ་བཅུ་གཅིག་ལ་ལོ་ལེགས་བྱུང་བར་རྨང་གཞི་བཏིང་ཡོད་པ་རེད།
དཔྱིད་རྨོད་ཀྱི་སྤུས་ཀ་དང་ཚད་ལྡན་མཐོ་རུ་གཏོང་ཆེད།ད་ལོར་ཧེ་ལུང་ཅང་ཞིང་ཆེན་གྱིས་དཔྱིད་རྨོད་ཐོན་སྐྱེད་ལ་མ་དངུལ་སྒོར་དུང་ཕྱུར620བཏང་བས་ན་ལོ་ལས་སྒོར་དུང་ཕྱུར20འཕར་སྣོན་བྱས་ཏེ།ཞིང་པས་ཞིང་ལས་འཕྲུལ་ཆས་དང་ལུད་སོགས་དཔྱིད་རྨོད་དངོས་རྫས་ཉོ་བར་རྒྱབ་སྐྱོར་བྱས་པ་རེད།
རང་རྒྱལ་གྱི་འབྲུ་ཐོན་ཞིང་ཆེན་ཆེན་པོ་ཨང་དང་པོ་ཡིན་པར་མཚོན་ན།ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་དེ་རྒྱལ་ཡོངས་ཀྱི་བཅུ་ཆ་གཅིག་ལ་ཟིན་པ་རེད།ད་ལོར་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འདེབས་རྒྱ་སྔར་བཞིན་མུའུ་དུང་ཕྱུར2.1ཡན་ལ་ཡིན་ཞིང་།མུ་མཐུད་ནས་ལོ་དུ་མར་མུའུ་དུང་ཕྱུར2ལས་བརྒལ།ཟླ་བ5པའི་ཟླ་མཇུག་གི་བར་དུ།ཞིང་ཆེན་ཡོངས་ཀྱི་ཕལ་ཆེ་བའི་སྐམ་ཞིང་གི་ལྗང་བུ་འབུས་ཤིང་ལྗང་མྱུག་སྐྱེ་ཚུལ་ཡང་ན་ལོ་ལས་བཟང་བ་འདུགཆུ་འབྲས་ཀྱི་ལྗང་མྱུག་སྔོ་ལོག་བྱེད་པའི་དུས་རིམ་ལ་སླེབས་པ་དང་སྐྱེ་ཚུལ་ཡང་ཡག་པོ་ཡིན་པ་རེད།