ཀྲུང་དབྱང་ནོར་སྲིད་ཀྱིས2014ལོའི་ཞིང་སྡེའི་འོས་འགན་སློབ་གསོའི་འགན་སྲུང་གྲོན་དངུལ་སྒོར་དུང་ཕྱུར878.97བཏང་།

གངས་སྐྱིད་ཀྱིས་བསྒྱུར།        2014-06-12

  ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས6ཉིན་འབྱོར་བའི་གཏམ་གསར།སྔར་ལས་ལྷག་པར་ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་ཆེད།ཉེ་དུས་ཀྲུང་དབྱང་ནོར་སྲིད་ཀྱིས2014ལོའི་ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་མ་དངུལ་སྒོར་དུང་ཕྱུར878.97བཏང་ཡོད།སློབ་མའི་མི་གྲངས་ཉུང་དུ་ཕྱིན་པའི་གནས་ཚུལ་འོག་ད་རུང2013ལོ་ལས་སྒོར་དུང་ཕྱུར50.6གསར་དུ་བསྣན་ནས་བརྒྱ་ཆ6.1འཕར་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན།2014ལོའི་ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་མ་དངུལ་ནི་གཙོ་བོར་སྔར་ལས་ལྷག་པར་ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སྤྱི་སྤྱོད་གྲོན་དངུལ་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏང་རྒྱུ་དང་།མུ་མཐུད་ནས་རིན་པ་མི་དགོས་པ་གཉིས་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ།ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་ཉེན་མེད་ཡོང་བར་འགན་སྲུང་བྱ་རྒྱུའི་ཕན་ནུས་ཡུན་རིང་ལྡན་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ།སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས་གྲོང་གསེབ་ཀྱི་སློབ་གྲྭ་དང་སློབ་ཁྲིད་བྱེད་སར་སློབ་ཁྲིད་བྱེད་འགྲོ་བར་སྐུལ་འདེད་གཏང་རྒྱུ་བཅས་ཕྱོགས་བཞིར་སྤྱད་རྒྱུ་ཡིན་པ།
    དེ་མིན།2014ལོར་མུ་མཐུད་ནས་རིན་པ་མི་དགོས་པ་གཉིས་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན་པ།རྒྱལ་ཡོངས་ལ་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མ་དུང་ཕྱུར1.1ཚང་མར་སློབ་ཡོན་མི་དགོས་པ་དང་།དབུལ་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དཀའ་གནད་ཡོད་པའི་ཁྱིམ་ཚང་གི་རྒྱུན་སྡོད་སློབ་མ་ཁྲི1240ལ་འཚོ་བའི་གྲོན་དངུལ་ཐད་ཀྱི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱད་ཡོད་ཅིང་།ལོ་རེའི་ཁ་གསབ་དམིགས་ཚད་ནི་སློབ་ཆུང་གི་སློབ་མ་རེར་སྒོར1000དང་།སློབ་འབྲིང་གི་སློབ་མ་རེར་སྒོར1250སྤྲད་ཡོད་པ་རེད།
    ནོར་སྲིད་པུའུ་ཡིས་བླང་བྱ་བསྟན་དོན།ས་གནས་ཀྱི་ནོར་སྲིད་སྡེ་ཚན་གྱིས་བསྡུར་ཚད་ལྟར་འདང་ངེས་ཀྱི་མ་དངུལ་སྤྲོད་རྒྱུ་དོན་འཁྱོལ་བྱེད་དགོས་ཤིང་།སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་པོ་བྱས་ནས་ཞིང་སྡེའི་འོས་འགན་སློབ་གསོ་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་གྲོན་དངུལ་བེད་སྤྱོད་དང་དོ་དམ།ལྟ་སྐུལ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།ཆེད་དངུལ་ཆེད་སྤྱོད་བྱེད་པར་ཁག་ཐེག་ནན་པོ་བྱས་ཏེ་མ་དངུལ་གྱི་བེད་སྤྱོད་བྱེད་ནུས་མཐོ་རུ་གཏོང་དགོས།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཞལ་འབག་སྒྱུ་རྩལ་དུས་ཆེན་པེ་ཅིང་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མའི་ནང་བཅུ་ཆ་བདུན་དེ་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་ཡིན།
  • དོ་སྣང་ཆེ་བའི་རྩོམ།