ཕོ་བྲང་པོ་ཏ་ལས་གནས་སྐོར་བ་མང་བའི་སྐབས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱས་པ།
མཁའ་མཚོ་སྐྱིད་ཀྱིས་བསྒྱུར། མི་དམངས་དྲ་བ། 2014-05-23
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ5བའི་ཚེས1ཉིན་ནས་བཟུང་།ཕོ་བྲང་པོ་ཏ་ལས་གནས་སྐོར་བ་མང་བའི་སྐབས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱས་ཤིང་།གནས་སྐོར་བ་ཉུང་བའི་དུས་སུ་མི་རེར་སྒོར100རེ་ལེན་པ་ནས་ད་ལྟའི་མི་རེར་སྒོར200རེ་ལེན་བཞིན་ཡོད་པ་དང་།གནས་ཤན་པའི་ཞབས་ཞུ་རིན་གོང་སྔོན་ཆད་ཀྱི་སྒོར200ནས་སྒོར400བར་ཇེ་མཐོར་བཏང་ཡོད་པ་རེད།
འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར།བོད་ལྗོངས་སུ་གནས་སྐོར་བ་ཆེས་མང་བའི་དུས་ཚིགས་ནི་ལོ་རེའི་ཟླ5བའི་ཚེས1ཉིན་ནས་བཟུང་ཟླ10བའི་ཚེས31ཉིན་བར་ཡིན་ཞིང་།གནས་སྐོར་ལས་རིགས་ལས་ཕོ་བྲང་པོ་ཏ་ལའི་ཨར་ལས་བཟོ་སྐྲུན་ལ་གནོད་སྐྱོན་ཇེ་ཉུང་དུ་གཏོང་ཆེད།ཕོ་བྲང་པོ་ཏ་ལར་ཉིན་རེར་མི4000ལས་ལྟ་སྐོར་བྱེད་མི་ཆོག་པར་ཚོད་འཛིན་བྱེད་བཞིན་ཡོད།ད་ལྟ་གནས་སྐོར་བའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པར་སྔ་མོ་ནས་སྒོ་འཛིན་ཉོ་དགོས་ཟེར། །