མཚོ་སྔོན་པོ་ཟིན་བྲིས། 2014-05-23
	དེ་ཡང་། ལུའུ་ཞུན་རྩོམ་རིག་གླིང་གིས་གཙོ་སྒྲུབ་དང་རྩ་འཛུགས་བྱས་པའི་སྐབས་བཅུ་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་གསོ་སྐྱོང་འཛིན་གྲྭ་དེ།   ༢༠༡༤ལོའི་ཟླ༥བའི་ཚེས༢༠ཉིན་སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་དང་པྰ་ཅིན་རྩོམ་རིག་གླིང་གིས་རོགས་སྐྱོར་དང་མཐུན་རྐྱེན་འོག་པྰ་ཅིན་རྩོམ་རིག་གླིང་དུ་དངོས་སུ་བསྡུས་པ་རེད།
	རེབ་འདིའི་འཛིན་གྲྭར་རང་རྒྱལ་གྱི་རང་སྐྱོང་ལྗོངས་དང་ཞིང་ཆེན༡༤ནས་ཡོང་བའི་བོད་དང་སོག་པོ།  ཡུ་གུར།  མནྫི་རིགས་སོགས་གྲངས་ཉུང་མི་རིགས༡༧གྱི་རྩོམ་པ་པོ༥༢ཞུགས་ཡོད་པ་དང་།  སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ།  ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཧྲུའུ་ཅི་པེ་ཀུན་ཧྲིན་དང་ལུའུ་ཞུན་རྩོམ་རིག་གླིང་གི་གླིང་གཙོ་ཟུར་བ་ཁྲིན་ཙིན་ཡའོ།   སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ལེས་ནུའུ་ལུང་།   སྐར་མ་སྙན་དེབ་ཀྱི་གཙོ་སྒྲིག་པ་ལིའང་ཕེན་སོགས་བཞུགས་ཡོད་པ་དང་།   ཁོ་ཚོས་གྲངས་ཉུང་མི་རིགས་རྩོམ་རིག་དང་རྩོམ་པ་པོར་བཅངས་པའི་ཡིད་ཆེས་དང་རེ་བ་མངོན་པར་བསྟན་ནས།   མ་འོངས་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔུང་སྡེ་བཙན་བརྟན་དུ་གཏོང་བའི་དམིགས་འབེན་གསལ་བོར་བསྒྲགས་པ་རེད།   
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10