ད་ལོར་བོད་ལྗོངས་ཀྱིས་སྒོར་དུང་ཕྱུར70སྤྱད་ནས་དམངས་འཚོའི་དོན་དངོས་བཅུ་ཡག་པོ་བསྒྲུབ་རྒྱུའི་འཆར་གཞི་བཀོད།

མིག་དམར་གྱིས་བསྒྱུར།        2014-05-08

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བསྟན་རྒྱས་གླིང་སྡེ་ཁུལ་གྱི་མི་ཧྲེང་རྒན་ཁོག་ཟླ་བ་བཀྲ་ཤིས་ཀྱིས་བཅར་འདྲི་བྱེད་དུ་འོང་མཁན་གྱི་གསར་འགོད་པར་བཤད་རྒྱུར། བོད་ལོ་སར་གྱི་སྔོན་དུ་སྲིད་གཞུང་གིས་དུས་ཆེན་ལ་ཁ་གསབ་མ་དངུལ་སྤྲད་པའི་སྒོར900ལག་ཏུ་འབྱོར་བྱུང་། ད་ལྟ་མ་མཐའི་འཚོ་རྟེན་འགན་སྲུང་གི་དངུལ་ཡང་ཇེ་མང་དུ་ཕྱིན་པས་སེམས་ནང་དངོས་གནས་དགའ་བ་ཞིག་རེད།
    ཟླ་བ་བཀྲ་ཤིས་དང་འདྲ་བའི་ཁེ་ཕན་ཐོབ་མཁན་བོད་ལྗོངས་ཀྱི་མི་འབོར་བསྡོམས་གྲངས་ཀྱི་བརྒྱ་ཆ90ཡན་ལ་ཟིན་ཡོད། ཁེ་ཕན་འདི་འདྲ་ཐོབ་པ་ནི་བོད་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་ཧུར་ཐག་གིས་དམངས་འཚོའི་དོན་དངོས་བཅུའི་ལས་གྲྭ་ལག་བསྟར་བྱེད་པར་རག་ལས་པ་རེད། གྲངས་ཀའི་ཐོག་ནས་མཚོན་པ་ལྟར་ན། ན་ལོར་བོད་ལྗོངས་ཀྱིས་ནོར་སྲིད་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར50བཀོད་སྒྲིག་བྱས་ནས་དམངས་འཚོར་སྤྱད་ཡོད། ད་ལོར་ཡང་སྒོར་དུང་ཕྱུར20འཕར་སྣོན་བྱས་ཏེ་ཧུར་ཐག་གིས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ལས་ཞུགས་རྒྱ་བསྐྱེད། གྲོང་རྡལ་དང་གྲོང་གསེབ་ཡུལ་མིའི་ཡོང་འབབ་འཕར་སྣོན། དངོས་རྫས་རིན་གོང་བརྟན་བརླིང་ཚོད་འཛིན། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། རིག་གནས་ཀྱིས་དམངས་ཕན་བྱ་རྒྱུ། དབུལ་སྐྱོར་གསར་སྦོལ། གནོད་འགོག་གནོད་སེལ། ཉེན་མེད་ཐོན་སྐྱེད་བཅས་དམངས་འཚོའི་དོན་དངོས་བཅུ་ཡག་པོ་བསྒྲུབས་ཏེ་མི་སེར་ཚོའི་འཚོ་བ་ཇེ་ཡག་ནས་ཇེ་ཡག་གཏོང་གང་ཐུབ་བྱ་རྒྱུ་རེད།
    རང་སྐྱོང་ལྗོངས་སྲིད་གཞུང་གིས་ན་ལོའི་ལོ་མཇུག་ཏུ་ད་ལོར་ཡང་དུ་དམངས་འཚོའི་རྣམ་གྲངས11ཡི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་གྲོས་ཐག་བཅད་ཡོད ། དེར་གྲོང་རྡལ་དང་གྲོང་གསེབ་མང་ཚོགས་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་སློབ་གསོའི་ཁ་གསབ་རོགས་དངུལ། ཞིང་སྡེའི་འགན་ལེན་ལྔའི་དུད་ཚང་ལ་སྲི་ཞུ་བྱེད་པ་སོགས་ཚུད་པས་མ་ཚད།ཤང་དང་གྲོང་རྡལ་གྱི་དོན་ལས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ལ་འཚོ་བའི་ཁ་གསབ་རོགས་དངུལ་ཐོག་མར་སྤྲད་ཅིང་། བྱེད་ཐབས་འདི་དག་གིས་བོད་ལྗོངས་ཀྱི་མི་འབོར་བསྡོམས་གྲངས་ཀྱི་བརྒྱ་ཆ90ཡན་ཆད་ལ་ཕན་པ་ཐོབ་པ་རེད།
    གྲངས་ཀའི་ཐོག་ནས་མཚོན་པ་ལྟར་ན། ན་ལོར་བོད་ལྗོངས་ཀྱིས་ནོར་སྲིད་ཀྱིས་གཏོང་སྤྲོད་ནང་དམངས་འཚོ་ལེགས་བཅོས་བྱས་པའི་མ་དངུལ་བརྒྱ་ཆ50ལས་བརྒལ་བ་རེད།
  • ལེ་ཚན་སྔོན་མ།:ཞིང་ལས་པུའུ་ཡིས་གྲོང་ཁྱེར་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་སྐབས་ཞིང་པའི་ས་ཞིང་ཁེ་དབང་སྲུང་སྐྱོང་ཡག་
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།