ཨོ་རྒྱན་གྱིས་བསྒྱུར། 2020-03-04
ཟླ་གསུམ་ཚེས་གསུམ། 3月3日
སྣོད་ཀྱི་དགེ་མཚན་བཅུད་ཀྱི་གསོས་སུ་གྱུར། །
བཅུད་ཀྱི་དགེ་ཚོགས་སྣོད་ཀྱི་གཡང་དུ་འཁྱིལ། །
སྣོད་བཅུད་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །
འཕྲལ་ཡུན་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག །
རྫ་དཔལ་སྤྲུལ་རིན་པོ་ཆེ་ནས།
ང་ཚོས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་འཕེལ་རྒྱས་བཏང་བ་དང་ལུགས་མཐུན་གྱིས་བེད་སྤྱོད་བྱས་ནས་རང་བྱུང་ཁོར་ཡུག་ལེགས་བཅོས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་འཛིན་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱས་ནས་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པར་བརྩོན་པ་བསྐྱེད་དགོས།
ཉེ་བའི་ལོ་ཤས་རིང་ལ་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་ཡོད་ལ། རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ་མིས་གཏོར་བཤིག་བཏང་བས་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་ཁྱབ་རྒྱ་ཉིན་རེ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པས། རི་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་མང་པོ་ཞིག་སྟོང་ལ་ཉེ་བའི་ཉེན་ཁའི་གནས་སུ་ལྷུང་ཡོད།
མི་དང་རང་བྱུང་ཁམས་བར་གྱི་འགལ་བ་ཞི་འཇགས་སུ་འགྲོ་ཆེད། རང་བྱུང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ཞིང་རང་ཉིད་ནས་འགོ་བརྩམས་ཏེ་ང་ཚོའི་བརྩེ་སེམས་ཕུལ་དགོས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལག་ལེན་ལ་དངོས་སུ་འཁྱོལ་བར་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས།
རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་བར་གཏན་འགོག་བྱས་ནས་མི་དང་སྲོག་ཆགས་བར་ལ་འཆམ་མཐུན་མཉམ་གནས་ངང་ཡ་རབས་ཚུལ་ལྡན་གྱི་གོམས་སྲོལ་བཟང་པོ་ཆགས་སུ་འཇུག་དགོས།
རི་སྐྱེས་སྲོག་ཆགས་གང་བྱུང་དུ་འཛིན་བཟུང་དང་རྔོན་མི་བྱ་ཞིང་། ཡ་རབས་ཁྲིམས་སྲུང་གི་སྙིང་རྗེ་ལྡན་པའི་སྤྱི་དམངས་བཟང་པོ་ཞིག་བྱས་ནས། སྲོག་ཆགས་ལ་དགའ་བ་དང་ནགས་ལས་ཐོན་ཁུངས་ལ་སྲུང་སྐྱོང་། ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་སྲུང་སྐྱོང་བྱ་ཡུལ་དུ་འགྱུར་དགོས།
མི་སོ་སོས་རང་ཉིད་ནས་འགོ་བརྩམས་ཏེ། ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་གནོད་སྐྱེལ་མཁན་ཡོད་ན་དུས་ཐོག་ཏུ་གོང་རིམ་ལ་ཞུ་གཏུག་བྱས་ཤིང་། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མིག་དཔེ་བཟང་པོ་བསྟན་དགོས།
རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་ནི་ཐུན་མོང་གི་ཚེ་སྲོག་སྲུང་སྐྱོང་བྱེད་པ་ཡིན་པས་རང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10