མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུགས་ཆེན་པོ་ལ་བཙོངས།

ལྷ་འཛོམས་ཀྱིས་བསྒྱུར།        2020-05-20

མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུགས་ཆེན་པོ་ལ་བཙོངས།

ཟླ5པའི་ཚེས15ཉིན། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་ཡི་རྒྱབ་སྐྱོར་དང་རོགས་རམ་འོག“གནས་མཆོག་ལི་ཐང·མཐོ་སའི་ཤིང་འབྲས་དང་སྔོ་ཚལ”O2Oསྐར་གླིང་དབུལ་སྐྱོར་ཁྲོམ་རའི་ཉམས་ལེན་ཚོང་ཁང་གི་དར་ཚོན་འབྲེག་པའི་མཛད་སྒོ་དང“གནས་མཆོག་ལི་ཐང·མཐོ་སའི་དབྱར་རྩྭ་དགུན་འབུ—ཀྲུའུ་ཧའེ་རུ་དང་པོ་བྲོ་བ་མྱོང་དུ་བཅུག”ཅེས་པའི་བྱེད་སྒོ་ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ཆོས་ཞིང་ཞོར་ལས་ཐོན་རྫས་ཆེད་ལས་བྲིན་ཚོང་ཁྲོམ་ར(སྐར་གླིང་དབུལ་སྐྱོར་ཁྲོམ་ར)རུ་གཉེར་བ་རེད། ལི་ཐང་རྫོང་གི་ཞིང་ཞོར་ཁྱད་ཆོས་ཐོན་རྫས་གཉེར་ཚོང་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་བཏང་ནས་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད། ལི་ཐང་རྫོང་གིས་ཀྲུའུ་ཧའེ་གྲོང་ཁྱེར་དུ་“གནས་མཆོག་ལི་ཐང་·མཐོ་སའི་ཤིང་ཏོག་དང་སྔོ་ཚལ་”O2Oསྐར་གླིང་དབུལ་སྐྱོར་ཚོང་རའི་ཉམས་ལེན་ཁང་བཙུགས་ཡོད། ཚོང་ཁང་འདི་བཙུགས་པ་དེ་ཀྲུའུ་ཧའེ་གྲོང་ཁྱེར་གྱི་གྲོང་མིས་སྒོ་འགྲམ་དུ་ལི་ཐང་གི་དབྱར་རྩྭ་དགུན་འབུ་དང་། བེ་ཤ། བོད་ཕག་ཤ་དང་ཟོག་ཤ་བཅས་དང་དེ་བཞིན་ཤིང་འབྲས་དང་སྔོ་ཚལ་སོགས་ལི་ཐང་མཐོ་སྒང་གི་ལྷད་མེད་སྐྱེ་ཁམས་ཀྱི་ཁྱད་ཆོས་ཐོན་རྫས་སྣ་ཁ19ཙམ་ཉོ་ཆོག་ལ་ལི་ཐང་རྫོང་གི་ཞིང་འབྲོག་པར་འབབ་འཕར་ཡོང་དུ་བཅུག་པ་རེད། ཀྲུའུ་ཧའེ་གྲོང་མིས་ཆེས་སྐྱེ་ཁམས་དང་ཆེས་ལྷད་མེད། ཆེས་སྤུས་དག་གི་མཐོ་སྒང་གི་ཤིང་ཏོག་དང་སྔོ་ཚལ་གྱི་བྲོ་བ་མྱོང་དུ་འཇུག་པ་དང་གྲོང་མིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་ཚན་པ་དང་པོའི་ཉམས་ལེན་ཚོང་ཁང་དུ་སླེབས་པའི་ལི་ཐང་རྫོང་གི་ཞིང་ཞོར་ཐོན་རྫས་ཀྱི་སྤྱིའི་རིན་ཐང་སྒོར་ཁྲི284ལ་ཟིན་པ་རེད། དེའི་ནང་ཚང་མ་ལི་ཐང་ནས་ཐོན་པའི་དབྱར་རྩྭ་དགུན་འབུ་དང་སྲད་དཀར། ཟོག་ཤ། ཤིང་འབྲས་དང་སྔོ་ཚལ་སོགས་ཚུད་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཟླ་གསུམ་ཚེས་གསུམ་བསམ་དོན་འགྲུབ། འགྲོ་བ་མི་ལ་ཚིག་གསུམ་ཞུས།
  • ལེ་ཚན་རྗེས་མ།:སྔོན་ཆད་སློབ་གྲྭར་འགྲོ་བ་དཀའ་ངལ་ཆེ།།ད་ཆ་སློབ་གྲྭ་ཡག་པོར་འགྲོ་ཐུབ་ཡོད།།
  • དོ་སྣང་ཆེ་བའི་རྩོམ།