སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

མིག་དམར་དང་ཨོ་རྒྱན།        2018-01-06

ཟླ་བ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཁུལ་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་ཚོགས་འདུ་གཙོ་འགན་བཞེས།

ཚོགས་འདུ་ལ་ཞུགས་དགོས་པའི་འཐུས་མི45ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི43ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོ་བྱས་པ་དང་། ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་ལ་བརྡས་ཐག་བཅད་ཡོད། གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་དང་ཚོ་ཆུང་བགོ་བའི་མིང་ཐོ། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་བ་གཞོན་པ་གཏན་འཁེལ་བྱས། འཐུས་མིས་བཏོན་པའི་གྲོས་གཞིའི་དུས་བཅད་གཏན་འཁེལ་བྱས། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འཐུས་མི་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱ་རྒྱུ།

གྲོས་ཚོགས་ཐོག་ལིའུ་ཁྲེང་མིང་དང་ལི་ཁང་། ལི་ཅང་། ལིའུ་ཅེ་ཤང་། ལི་ཀྲི་མིང་། བློ་བཟང་ཆོས་འཕེལ། ལིའོ་ཚའེ་ཁུན། པེ་སུའུ་ཡིང་། དབྱང་ཀྲི་ཀུའེ། སངས་དགའ། ཝང་ཁྲེང་ཁང་བཅས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས་པ་དང་། ཐེན་ལུང་དང་ཁྲེན་ཡུང་ཧུང་། ཏེན་ཅན་ཀོང་། ཞ་ཡུང་ཀྲི་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་བ་གཞོན་པར་བདམས། ཟླ་བ་དང་པོའི་ཚེས5ཉིན་གྱི་ཕྱི་དྲོའི་དུས་ཚོད17བར་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞིའི་དུས་བཅད་དུ་གཏན་འཁེལ་བྱས།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་ཡག་པོ་བྱེད།
  • ལེ་ཚན་རྗེས་མ།:ཟླ་གསུམ་ཚེས་གསུམ་བསམ་དོན་འགྲུབ། འགྲོ་བ་མི་ལ་ཚིག་གསུམ་ཞུས།
  • དོ་སྣང་ཆེ་བའི་རྩོམ།