ཇོ་བོ་རགས་ཁ།

        2011-10-28

ལྷ་སའི་ཤར་ངོས་སྐུ་འབུམ་ཐང་གྲོང་ཚོའི་འགྲམ་སྐྱིད་ཆུའི་རགས་སྟེང་དུ་ཇོ་བོ་རགས་ཁ་ནི་དུས་རབས་བརྒྱད་པའི་ནང་གཙང་ཆུ་ཤོར་ནས་ལྷ་སར་ཆུ་ཉེན་ཤིན་ཏུ་ཆེ་བ་བྱུང་སྟབས་ཉང་ཉི་མ་འོད་ཟེར་གྱིས་རགས་དེ་ཐོག་མར་བཟོས། དེ་རྗེས་དུས་རབས་བཅུ་གཉིས་པའི་ནང་གུང་ཐང་བླ་མ་ཞང་གི་སློབ་མ་ལྷ་རྗེ་དགེ་བ་འབུམ་གྱིས་ཆུ་རགས་ཞིག་གསོ་གནང་ཞིང་ཆུ་རགས་ཀྱི་འགྲམ་དུ་ར་ལོ་ཙཱ་བའི་ཕྱག་ནས་ཕོག་པའི་ཚ་འབུམ་གཅིག་ནང་བཞུགས་སུ་ཡོད་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པར་སྐུ་འབུམ་ཐང་མཆོད་རྟེན་དུ་གྲགས་ཚུལ་ངག་རྒྱུན་དུ་ཡོད། དུས་རབས་བཅུ་དྲུག་པའི་ནང་ལྷ་སར་ཆུ་ཉིན་ཆེན་པོ་བྱུང་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པས་སེར་འབྲས་ཀྱི་གྲྭ་པ་རྣམས་སྐུལ་སློང་གིས་ཆུ་རགས་ཁར་རགས་རྡོ་སྐྱེལ་བའི་སྲོལ་བཏོད། ཆུ་རགས་ཀྱི་ཁ་དེར་རྡོ་ཕུང་ཆེན་པོ་ཞིག་ཡོད་པ་དེར་ཇོ་བོ་རགས་ཁ་ཟེར།
  • ལེ་ཚན་སྔོན་མ།:སྐུ་འབུམ་བྱམས་པ་གླིང་།
  • ལེ་ཚན་རྗེས་མ།:བོད་ཀྱི་མཁར་རྙིང་གཡུ་ཐོག་ཟམ་པའི་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།