བོད་ཀྱི་མཁར་རྙིང་གཡུ་ཐོག་ཟམ་པའི་ངོ་སྤྲོད།

        2011-10-28

གྲོང་ཁུལ་གཡུ་ཐོག་ལམ་གྱི་ལྷོ་ངོས་སུ་ཡོད་པའི་གཡུ་ཐོག་ཟམ་པ་ནི་བོད་དུ་བཅིངས་འགྲོལ་བཏང་རྗེས་རླངས་འཁོར་ཤར་གཏོང་མ་ཐུབ་གོང་ལྷ་ས་དང་། པོ་ཏ་ལའི་ཞོལ་བར་གྱི་འགྲུལ་ལམ་གཙོ་བོ་ཞིག་ཡིན། རྫ་གོ་གཡུ་རྩིའི་ལུགས་རྒྱ་ཕིབས་ཡོད་པའི་ཟམ་པ་དེའི་རིང་ཚད་སྤྱི་ཁྲེ༢༨དང་གྲངས་ཆུང་༣དང་། ཞེང་ཚད་སྤྱི་ཁྲེ༦དང་གྲངས་ཆུང་༥ཡོད། ཟམ་མིག་ལྔ་ཡོད་པའི་སྟེང་གི་རྩིག་ཐོག་ཏུ་གདུང་མ་དགུའི་སྟེང་ནས་རྒྱ་ཕིབས་ཀྱི་སྒྲོམ་ཡོད་པ་དེའི་བཟོ་རྩལ་གྱི་ཁྱད་ཆོས་ལ་བོད་རྒྱ་ལག་རྩལ་ཟུང་འབྲེལ་བྱས་པ་ཞིག་ཡིན། གདུང་མ་དཀྱིལ་མངའི་ངོས་སུ་ལྕགས་ཀྱི་ཨ་ལོང་ཞིག་ཡོད་པ་དེ་ནི་ལྷ་སའི་སྣང་རྩེ་ཤག་དང་། ཞོལ་པ་ལས་ཁུངས་ཀྱི་ཁྱབ་ཁོངས་དབྱེ་མཚམས་ཡིན་པ་སྐད།
ཟམ་པ་དེའི་སྐོར་དམངས་ཁྲོད་དུ་རྒྱ་བཟའ་ཀོང་ཇོས་བསྐྲུན་པ་རེད་ཟེར་ཡང་། རི་མོ་རྙིང་པ་ཚད་ལྡན་རྣམས་སུ་གཡུ་ཐོག་ཟམ་པ་མི་གསལ་ལ་ཀོང་ཇོས་ཟམ་པ་བསྐྲུན་སྐོར་གྱི་ལོ་རྒྱུས་ཡིག་ཆར་མི་སྣང་། ཡང་ལ་ལས་ཟམ་པ་དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་ཆིང་རྒྱལ་རབས་ཀྱི་བོད་བཞུགས་ཨམ་བན་ཞིག་གིས་བསྐྲུན་སྐད་འདུག་པ་དེ་ཁུངས་དག་པར་སེམས། ཟམ་པ་དེའི་བཟོ་རྩལ་གྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་མཚོན་གྱི་ཡོད།དེང་སྐབས་ཟམ་པ་དེ་འགྲུལ་ལམ་མ་ཡིན་རུང་གྲོང་ཁྱེར་གྱི་གནའ་ཤུལ་སྲུང་སྐྱོབ་བྱ་ཡུལ་ཞིག་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཇོ་བོ་རགས་ཁ།
  • ལེ་ཚན་རྗེས་མ།:དཔའ་རིས་མཆོད་རྟེན་ཐང་།
  • དོ་སྣང་ཆེ་བའི་རྩོམ།