འཛམ་གླིང་ཡོངས་ན་འཛམ་གླིང་རིམ་པ་ཅན་གྱི་ཤུལ་བཞག་རྒྱུ་རྫས་དུ་ཡོད།

        2016-04-19

དེང་སང་འཛམ་གླིང་ཡོངས་སུ་དངོས་སུ་ཐོ་འགོད་བྱས་པའི་འཛམ་གླིང་རིམ་པ་ཅན་གྱི་ཤུལ་བཞག་རྒྱུ་རྫས754ཡོད་པ་རེད།དབྱི་ཐ་ལི་དང་སི་ཕེན། ཧྥ་རན་སི་སོགས་ཤུལ་བཞག་རིག་དངོས་ལ་སྲུང་སྐྱོབ་ཞིག་གསོ་དང་། འདོན་སྤེལ་བེད་སྤྱོད་བྱེད་བཞིན་ཡོད་པའི་རྒྱལ་ཁབ་ཀྱི་སྟེང་ན་ང་ཚོར་སློབ་སྦྱོང་བྱེད་འོས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད།ཧྥ་རན་སི་རྒྱལ་ཁབ་ལ་མཚོན་ན་ལོ་རེའི་དཔྱིད་དུས་སུ་དངོས་མང་བཤམས་སྟོན་ཉིན་མོ་དང་སྟོན་དུས་སུ་ཤུལ་བཞག་རིག་གནས་ཀྱི་ཉིན་མོ་ཞེས་པ་སོགས་བྱ་འགུལ་སྤེལ་གྱིན་ཡོད་པར་མ་ཟད།ལུའུ་ཕུ་ཕོ་བྲང་དང་རྒྱལ་ཁའི་ངང་ལྡོག་པར་བསུ་བའི་སྒོ་མོ་ཆེ་བཅས་དངོས་མང་བཤམས་སྟོན་ཁང་དང་ལོ་རྒྱུས་གནའ་ཤུལ་གྲགས་ཅན་སོགས་ལ་རིན་པ་མི་དགོས་པར་ལྟ་སྐོར་བྱེད་དུ་འཇུག་པ་རེད།  དབྱི་ཐ་ལི་ལ་མཚོན་ན་དེའི་སྐོར་གྱི་བྱ་འགུལ་དེ་བས་ཀྱང་མང་སྟེ། ལོ་རེར་དཔྱིད་ཀ་དང་དབྱར་ཉིན། སྟོན་འབྲས། དགུན་ཉལ་བཅས་བརྗོད་བྱ་རྣམ་པ་སྣ་ཚོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད།བྱ་འགུལ་སྤེལ་དུས་རྒྱལ་ཡོངས་ཀྱི་དུས་རྒྱུན་དུ་ཕྱི་ཕྱོགས་སུ་མི་སྟོན་པའི་གནའ་ཤུལ་བརྒྱ་ཕྲག་ལྷག་མང་ཚོགས་ལ་ལྟ་རུ་འཇུག་པ་རེད།།

  • ལེ་ཚན་སྔོན་མ།:བོད་ཡུལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག
  • ལེ་ཚན་རྗེས་མ།:ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ་མགར་ཐར་གནའ་མཁར།
  • དོ་སྣང་ཆེ་བའི་རྩོམ།