སྐུ་འབུམ་བྱམས་པ་གླིང་།

        2011-10-28

མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་དུ་གསར་གྲོང་རྡལ་གྱི་ལྷོ་ནུབ་མཚམས་ན་གཞི་ཁྱོན་རྒྱ་ཆེ་བའི་ནང་བསྟན་དགོན་པ་སྟེ་སྐུ་འབུམ་བྱམས་པ་གླིང་ཡོད་པ་དེ་ནི་རང་རྒྱལ་གྱི་མིང་གྲགས་ལྡན་པའི་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་ནང་གི་གཅིག་ཡིན་ལ། དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཡང་ཡིན།
སྐུ་འབུམ་དགོན་ནི་མིང་རྒྱལ་རབས་ཅ་ཅིན་ཁྲི་ལོ༣༩པར་སྤྱི་ལོ༡༥༦༠ལོར་བཏབ་འགོ་བཟུང་ཞིང་དེའི་རྗེའི་རིམ་བཞིན་རྒྱས་པར་བསྐྲུན་ནས་ལོ་༤༠༠ལྷག་གི་ལོ་རྒྱུས་ཡོད། དགོན་པར་ལྷ་ཁང་དང་ཚོགས་ཆེན་འདུ་ཁང་། མཆོད་རྟེན། གྲྭ་ཤག་སོགས་ཡོད་ཅིང་རྒྱ་བོད་གཉིས་ཀྱི་བཟོ་རྩལ་ལྟར་བཞེངས་པ་ཡིན་ལ། རྒྱ་ཁྱོན་མུའུ་༦༠༠ལྷག་ཡོད། གསེར་སྡོང་ཆེན་མོ་དང་བཙན་ཁང་། ཚོགས་ཆེན་འདུ་ཁང་སོགས་ནི་མིང་གྲགས་ཆེན་ཤོས་ཡིན།
  གསེར་སྡོང་ཆེན་མོའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༤༤༩དང་གྲངས་ཆུང་༥་ཡོད་ཅིང་། ༡༥༦༠ལོར་བཞེངས་པ་དང་། ༡༧༡༡ལོར་གསེར་ཟངས་ཀྱི་རྒྱ་ཕིབས་བསྟད། ༡༧༤༠ལོར་གསེར་ཟངས་ཀྱི་ཆོས་འཁོར་དང་རྒྱལ་མཚན། རི་དྭགས་སོགས་ཀྱིས་བརྒྱན་པས་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་པའི་གཟི་འོད་རབ་ཏུ་འབར་བཞིན་མཆིས།
བཙན་ཁང་ནི་སྐུ་འབུམ་བྱམས་པ་གླིང་གི་བསྟན་སྲུང་ལྷ་ཁང་ཡིན། ༡༦༩༢ལོར་གསེར་ཟངས་ཀྱི་རྒྱ་ཕིབས་བསྟད། བཙན་ཁང་ནང་འབྲོང་དང་། དགོ་བ། དོམ། སྤྲེའུ་སོགས་ཀྱི་སྤྱན་གཟན་སྣ་ཚོགས་ཡོད། བཙན་ཁང་གི་རྒྱབ་ཀྱི་ཡིད་བཞིན་བདེ་གཤེགས་མཆོད་རྟེན་བརྒྱད་ནི་༡༧༧༦ལོར་བཞེངས་པ་རེད།
ཚོགས་ཆེན་འདུ་ཁང་ཆེན་མོ་ནི་ཁང་ཀླད་མཉམ་པའི་བོད་ལུགས་ཀྱི་བཞེངས་སྲོལ་ལྟར་བཞེངས་པ་ཡིན་ལ། རྒྱ་ཁྱོན་ལ་རྨིད་གྲུ་བཞིན་མ་༡དང་གྲངས་ཆུང་༩༨༡ཡོད། ༡༦༡༢ལོར་གསར་དུ་བཞེངས་ཤིང་༡༩༡༢ལོར་མེ་སྐྱོན་བྱུང་རྗེས་༡༩༡༥ལོར་གསར་དུ་བཞེངས།
སྤྱིར་ན་མར་བཟོས་རྒྱན་མཆོད་དང་ལྡེབས་རིས། གཙགས་དྲུབ་གསུམ་ནི་སྐུ་འབུམ་གྱི་ཁྱད་དུ་མཚར་བའི་སྒྱུ་རྩལ་མཐོ་ཤོས་ཡིན། མར་བཟོས་རྒྱན་མཆོད་ནི་མར་གྱིས་བཟོས་པའི་ལྷ་སྐུ་དང་མི་སྣ། འདབ་ཆགས་དང་མེ་ཏོག་སོགས་བཟོ་སྟངས་འདྲ་མིན་གྱིས་ལོ་རྒྱུས་བྱུང་རིམ་ཞིག་མཚོན་པར་བྱས་ཏེ་ལོ་རེའི་རྒྱལ་ལོའི་བཅོ་ལྔར་བཤམས་པ་ཡིན།
  • ལེ་ཚན་སྔོན་མ།:དབོན་ཞང་རྡོ་རིང་།
  • ལེ་ཚན་རྗེས་མ།:ཇོ་བོ་རགས་ཁ།
  • དོ་སྣང་ཆེ་བའི་རྩོམ།