ལྕགས་བཟོ།

དུང་དཀར་ཚང་།        2012-12-11

ལྕགས་བཟོ་ནི་ལྕགས་བཞུ་བཏུལ་བྱས་ཏེ་དངོས་རིགས་སྣ་ཚོགས་བཟོ་བ་དང་།ཚགས་རྒྱག་པ། ལུགས་སུ་བླུགས་པ། ཕྱེ་མ་བཟོ་བ། ལྕགས་སྐུད་འཐེན་པ། མཉམ་བསྲེས་ཁྲོ་ལྕགས་བཟོ་བ་སོགས་ཀྱི་ལག་རྩལ་ལ་ལྕགས་བཟོ་ཞེས་ཟེར། བོད་ཀྱི་ལྕགས་བཟོའི་ལག་རྩལ་ནི་ད་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་གི་ནང་འཁོད་པ་ལྟར་ན་སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་གྲི་བཟོ་བ་ལ་མཁས་པ་ཟིམ་པོ་སྤུན་དགུ་ཟེར་བ་བྱུང་ཞིང་། དེ་ཚོས་བརྡུངས་པའི་གྲི་ལ་དགུ་ཟི་ཟེར་བའི་མིང་ཐོགས་པ་དང་། དེ་དུས་སྨར་ཁམས་སུ་ལྕགས་ཀྱི་ཁྲབ་བཟོ་བའི་ལག་རྩལ་དར་ནས་གྲི་གུམ་བཙན་པོས་གྱོན་པའི་ཁྲབ་ཀྱང་སྨར་ཁམས་ནས་བླངས་ཞེས་གསལ་ཞིང་།<<ཐང་ཧྲུའུ་ཐུའུ་ཧྥན་ཀྲོན>>ཞེས་པའི་ནང་བོད་ཀྱི་ཁྲབ་ནི་མིག་གཉིས་མ་གཏོགས་ལུས་པོ་ཡོངས་རྫོགས་ཁེབས་ཐུབ་པ་དང་། མདའ་གྲི་རྣོན་པོས་ཀྱང་ཆོད་དཀའ་བའི་བཙན་པོ་ཡོད་ཅེས་བཀོད་ཡོད། མུ་འགོད།
  • ལེ་ཚན་སྔོན་མ།:བོད་ཀྱི་ཟས་སྣོད་ཐོག་གི་རྒྱན་རིས།
  • ལེ་ཚན་རྗེས་མ།:ཟངས་བཟོ།
  • དོ་སྣང་ཆེ་བའི་རྩོམ།