བོད་ཀྱི་རྡོ་རྩིག་སྒྱུ་རྩལ།

རྡོ་སྦིས་བཤད་སྒྲུབ།    མཚོ་སྔོན་བོད་རིགས་དྲ་བ།    2012-04-20

བོད་ཀྱི་རྡོ་རྩིག་སྒྱུ་རྩལ།བོད་ཀྱི་རྡོ་རྩིག་སྒྱུ་རྩལ།བོད་ཀྱི་རྡོ་རྩིག་སྒྱུ་རྩལ།





བོད་ཀྱི་རྡོ་རྩིག་སྒྱུ་རྩལ་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་དེ། བོད་གདོད་མ་མེས་པོའི་རྡོ་རྐྱང་གི་བརྩིག་རྩལ་གྱི་རྒྱུན་ཤེས་དེ། རྡོ་དབྱིབས་མི་འདྲ་བའི་བརྩིགས་རིམ་གྱི་འཆར་འགོད་རེར་འཆམ་རྡོ་རྨང་གཞི་བགྱིས་ཏེ། ཕོ་འཇོག་མོ་འཇོག་གི་སྙོམས་སྒྲིག་ལྟར་རྡོ་གྲུ་བཞི་དང་ངོ་རྡོ། འགྲམ་རྡོ། ཁོག་རྡོ། གསུབ་རྡོ། འཆམ་རྡོ་རེ་རེའི་རྡོ་རྐྱང་གིས་བརྩིགས་སྲོལ་ཡོངས་གནའ་མི་བོད་གདོད་མ་མེས་པོའི་བརྩིག་རྩལ་གྱིས་གཡས་ནས་གཡོན་ངོས་སུ་བདེ་སྙོམས་ཀྱི་རྡོ་རྐྱང་གི་རྡོ་ཁོག་སྙོམས་སྒྲིག་གི་བརྩིག་རྩལ་སྤྱད་ཡོད་པས། བང་སོ་གཏེར་ལམ་བང་སོ་འདི་ཡང་གནའ་མིའི་བོད་རང་གི་རྡོ་རྐྱང་གི་བརྩིག་རྩལ་ལ་བརྟེན་ནས་བསྐྲུན་ཡོད་པ་བདེན་དབང་དུ་གྲུབ་པ་ལུང་དང་རིགས་པས་རྟོགས་ནུས་སོ།།
 

  • ལེ་ཚན་སྔོན་མ།:བོད་ཀྱི་རྫ་བཟོའི་སྒྱུ་རྩལ།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་སྡེ་གསར་གྲོང་གི་ཤིང་ཕོར་རྐོ་པའི་ལག་རྩལ་དང་དེའི་བརྒྱུད་འཛིན་པ་བློ་བཟང་།
  • དོ་སྣང་ཆེ་བའི་རྩོམ།