གསེར་ཚབ་བཟོ་བའི་ལག་ཤེས།

དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན།    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-02-25

གསེར་ཚབ་བཟོ་ཐབས་དུ་མ་ཡོད་པ་ལས་བྱ་སླ་བའི་ལག་ལེན་གཅིག་ཁོ་ན་ཙམ་ངོ་སྤྲོད་བྱེད་པ་ལ།རྒྱུ་གཤའ་ཚེ་དཀར་པོ་དང་རག་རྡོ།ཟངས་ཕྱེ།མི་ཚུལ།ཤུག་འབྲུ།ཝ་ཚྭ།ཟེ་ཚྭ།མཛེ་ཚྭ།རྒྱ་ཚྭ།ནག་མཚུར་རྣམས་ཀོང་བུར་བཞུ་བཏུལ་ལན་གསུམ་བྱས་ན་གསེར་ཚད་མ་དང་མཚུངས་པ་འབྱུང་བར་གསུངས་སོ།།གཞན་ཡང་དུས་འཁོར་སོགས་ཀྱི་རྒྱུད་དང་ཀླུ་སྒྲུབ་སོགས་ཀྱི་བསྟན་བཅོས་དང་ལོ་ཙྰ་བ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་བསྒྱུར་བའི་གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ་དང་།རཏྣ་གླིང་པའི་གཏེར་ཆོས་ལས་གསེར་འགྱུར་བཟོ་ཐབས་སྐོར་དང་།མི་ཕམ་གྱིས་མཛད་པ་སོགས་རྣམ་གྲངས་ཤིན་ཏུ་མང་ཡང་ཡི་གེ་མང་བར་འཇིགས་ནས་མི་ཕམ་གྱིས་མཛད་པའི་བཟོ་གནས་ཉེར་མཁོ་གཙོས་བསྟན་བཅོས་རེ་འགའ་ལས་གསེར་སོགས་རིན་ཆེན་རིགས་ཀྱི་བཟོ་དང་གསེར་འགྱུར་བཟོ་ཐབས་ལྷ་བཟོ་ལ་ཉེ་བར་མཁོ་བ་རེ་འགའ་ཞིག་ངོ་སྤྲོད་བྱས་པ་ཡིན་པས་རྒྱས་པར་ཤེས་འདོད་ན་གོང་གི་བསྟན་བཅོས་ཁག་ལ་གཟིགས་པར་འཚལ།
  • ལེ་ཚན་སྔོན་མ།:སྤྱིན་གྱི་རིགས་བཟོ་ཐབས།
  • ལེ་ཚན་རྗེས་མ།:གཙང་སྦང་གཙང་མཐིང་འདུལ་བའི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།